ཚེ་རིང་རྒྱ་མཚོས་བསྒྱུར། ཀྲུང་གོ་བོད་ཀྱི་དྲ་བ། 2012-11-15
ཟླ11པའི་ཚེས5ཉིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོད་གྲོང་ཁྱེར་གཙོད་བོད་རིགས་སློབ་ཆུང་གི་སློབ་རིམ་གསུམ་པའི་སློབ་མ་པདྨ་དོན་འགྲུབ་དང་སློབ་གྲོགས་ཚོས་མལ་ཁང་དུ་སློབ་སྦྱོང་བྱེད་བཞིན་པ།
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོད་གྲོང་ཁྱེར་གྱིས་ནུས་ཤུགས་མང་པོ་སྤྱད་ནས། འབྲོག་ཁུལ་ཤང་དང་གྲོང་རྡལ་གྱི་བཅའ་སྡོད་སློབ་གྲྭའི་མལ་ཁང་རིམ་བཞིན་ལེགས་བཅོས་ཐོབ། གཙོད་གྲོང་ཁྱེར་གྱིས་སྔ་གཞུག་ཏུ་མ་དངུལ་སྒོར་དུང་ཕྱུར1.2བཏང་སྟེ། བཅའ་སྡོད་སློབ་གྲྭ8གསར་འཛུགས་བྱས་ཤིང་། བཅའ་སྡོད་སློབ་གྲྭའི་ཆ་རྐྱེན་སྔར་ལས་ལེགས་བཅོས་ཐོབ་པ་བརྒྱུད། བཅའ་སྡོད་སློབ་མ5000ལྷག་ཡངས་ཤིང་ཆེ་བའི་མལ་ཁང་གསར་བ་ནང་སྤར། གཞན་ད་དུང་གཙོད་གྲོང་ཁྱེར་གྱིས་རྒྱལ་ཁལ་གྱི་ཞིང་སྡེའི་འོས་འགན་སློབ་གསོ་མྱོང་བཞིན་པའི་སློབ་མའི་འཚོ་བཅུད་ལེགས་བཅོས་འཆར་གཞིའི་རྨང་གཞི་སྟེང་། འཚོ་བཅུད་ལེགས་བཅོས་ཁ་གསབ་རོགས་དངུལ་སྒོར་ཁྲི244འགྲེམ་གཏོང་བྱས་པ་དང་། བཅའ་སྡོད་སློབ་མའི་འཚོ་བ་ལེགས་བཅོས་ཆེན་པོ་ཐོབ། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10