ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2012-11-15
སྒྱུ་རྩལ་པའི་ཚབ་བྱེད་པའམ་བོད་ལྗོངས་མཛེས་རྩལ་པའི་མཐུན་ཚོགས་ཀྱི་འགོ་གཙོ་
གཞོན་པ་པདྨབཀྲ་ཤིས་ཀྱིས་མཛད་སྒོའི་སྟེང་གཏམ་བཤད་གནང་བཞིན་པ།
ཟླ11པའི་ཚེས13ཉིན་གྱི་ཕྱི་དྲོ། བོད་རང་སྐྱོང་ལྗོངས་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་དང་། བོད་རང་སྐྱོང་ལྗོངས་མཛེས་རྩལ་པའི་མཐུན་ཚོགས། ཧྲང་ཧེ་ཀྱཱ་ཡོན་ཧེ་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་ཟི་བཅས་ཀྱིས་འགན་སྒྲུབ་གནང་བའི2012ལོའི་བོད་ལྗོངས་དེང་རབས་རི་མོ་འགྲེམ་སྟོན་གྱི་བྱ་འགུལ་སྤེལ་ཞིང་། འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་དང་སྐུ་མགྲོན་སོགས་བསྡོམས་པས་མི100ལྷག་ཐེངས་འདིའི་མཛད་སྒོར་ཞུགས།
2012ལོའི་བོད་ལྗོངས་དེང་རབས་རི་མོ་འགྲེམ་སྟོན་ཧྲང་ཧེ་རུ་སྤེལ་བ།
འདི་ནི་བོད་ལྗོངས་ཆེད་དོན་རི་མོའི་སྒྱུ་རྩལ་གྱི་ཁྱབ་ཆེ་བའི་འགྲེམ་སྟོན་ཞིག་ཡིན་པ་མ་ཟད། ཉེ་བའི་ལོ་འགའི་རིང་བོད་ལྗོངས་དེང་རབས་རི་མོའི་བརྩམས་ཆོས་ཐོག་དང་པོར་ཧྲང་ཧེ་རུ་སྤེལ་བ་ཡིན། འདིར་རི་མོ་སྣ་ཚོགས་པའི་བརྩམས་ཆོས90ལྷག་འདུས་པ་དང་། ནང་དོན་ཕུན་སུམ་ཚོགས་ཤིང་གངས་ལྗོངས་རིག་གནས་ཀྱི་རྣམ་པ་གཞིར་བཞག་སྒོས་བོད་ལྗོངས་ས་གནས་ཀྱི་རིག་གནས་དང་ཕྱིའི་རིག་གནས་མཐུན་སྦྱོར་དུ་སྣང་བ་ཡོངས་སུ་མངོན།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲེམ་སྟོན་ལ་ཞུགས་པའི་སྒྱུ་རྩལ་པ15ནང་རྒྱལ་ཁབ་ཀྱིས་སྐྱེད་སྲིང་གནང་བའི་སྐབས་གཉིས་པ་དང་གསུམ་པ། བཞི་བ་བཅས་ཀྱི་བོད་ལྗོངས་མཛེས་རྩལ་པའི་ཚབ་མཚོན་པ་སྟེ་དཔེར་ན་པདྨ་བཀྲ་ཤིས་དང་། འཇིགས་མེད་འཕྲིན་ལས། སྤེན་པ། བདེ་སྒྲོན་སོགས་དང་། དེ་མིན་ནང་ལོག་ས་ཁུལ་གྱི་རི་མོ་བ7ཡང་འདུས། འགྲེམ་སྟོན་འདི་ཟླ11པའི་ཚེས21བར་སྤེལ་རྒྱུ་ཡིན་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10