མཚོ་སྔོན་གསར་འགྱུར་དྲ་བ། 2012-11-14
མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་འཛུགས་སྐྲུན་བྱ་བ་གནད་སར་འཇོག་པ་དང་། དམངས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་བ་དཀྱིལ་སྙིང་ཡིན་པ། དཔལ་འབྱོར་འཕེལ་རྒྱས་རྨང་གཞི་ཡིན་པའི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁ་གསབ་ཀྱི་ཡུན་རིང་ཕན་པའི་ནང་རྐྱེན་འཛུགས་པ་འཚོལ་ཞིབ་བྱས་ནས། འཕྲོ་རིམ་འཕྲོར་ཕྱོགས་བཅུ་གཅིག་གི་ཐད་ནས་ཁ་གསབ་རྒྱག་པའི་སྲིད་ཇུས་ལག་བསྟར་བྱས་ཏེ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་བར་བརྒལ་གཏོར་རང་བཞིན་གྱི་གྲུབ་འབྲས་བླངས། ད་ལྟ་མ་དངུལ་སྒོར་ཐེར་འབུམ་ལྔ་དང་དུང་ཕྱུར་བཞི་བྱེ་བ་བཞི་ས་ཡ་ལྔ་གཏོང་བའི་ལས་འགན་ཡོངས་འགྲུབ་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་ཞིང་ཆེན་ནོར་སྲིད་དང་ཁོར་ཡུག་སོགས་སྡེ་ཁག་གིས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དཔྱད་འཇོག་དང་། རྩྭ་སའི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ནང་རྐྱེན་ལམ་ལུགས་ཀྱི་ཁ་གསབ་སྲིད་ཇུས་གཉིས་ལག་བསྟར་བྱས་ནས། མ་དངུལ་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་བཞི་བཏང་བས། སྐྱེ་ཁམས་ནུས་པའི་ས་ཁུལ་གྱི་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་རྩྭ་སའི་ཉིན་རྒྱུན་གྱི་དོ་དམ་སྲུང་སྐྱོབ་བྱ་བ་རྒྱུན་ལྡན་ཅན་དང་། ཚད་གཞི་ཅན་དུ་བསླེབས།
ཉིས་སྟོང་བཅུ་གཅིག་ལོ་ནས་བཟུང་སྟེ། མཚོ་སྔོན་གྱིས་སྔོན་ལ་མ་དངུལ་གཏོང་བ་སོགས་བྱས་ཏེ། བཟོ་སྐྲུན་ལག་བསྟར་བྱེད་ཚད་ཇེ་མགྱོགས་སུ་བཏང་། ད་ལྟའི་བར་དུ་བསྡོམས་པས་མ་དངུལ་སྒོར་ཐེར་འབུམ་ལྔ་དང་དུང་ཕྱུར་དྲུག་བྱེ་བ་བདུན་བཏང་བ་དེས་སྤྱིའི་མ་དངུལ་གྱི་བརྒྱ་ཆའི་དོན་དྲུག་ཟིན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10