བསོད་ནམས་ལྷ་མོ། མཚོ་སྔོན་གསར་འགྱུར་དྲ་བ། 2012-11-14
ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་ཚོགས་པ་དང་། མཚོ་སྔོན་ཞིང་ཆེན་དགེ་ཐོན་སློབ་གྲྭ་ཆེན་མོའི་དགེ་སློབ་རྣམས་ཀྱིས་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་འགོ་རྩོམ་པའི་གནས་ཚུལ་ལ་བལྟས་རྗེས། རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་ཚོགས་ཆེན་གྱི་་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་སྤེལ་ཏེ་སྔར་ལས་ལྷག་པའི་སྒོ་ནས་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པར་རྨང་གཞི་བརྟན་པོ་ཞིག་བཏིངས།
ཚེས་བརྒྱད་ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་སྟེང་དགེ་ཐོན་སློབ་གྲྭ་ཆེན་མོའི་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་ཁོངས་མི་ཡོངས་ཀྱིས་མཉམ་དུ་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་འགོ་རྩོམ་པའི་མཛད་སྒོར་བལྟས་རྗེས། དུས་ཐོག་ཏུ་སློབ་སྦྱོང་དང་གྲོས་བསྡུར་བྱེད་པའི་བྱ་འགུལ་སྤེལ་བ་དང་། སློབ་གྲྭའི་ཏང་ཨུའི་ཧྲུའུ་ཅི་ཡིས་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བྱེད་པའི་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས།
དེ་དང་མཉམ་དུ་སློབ་མའི་བྱ་བའི་ཁྲུའུ་དང་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་གིས་སློབ་མའི་ལས་བྱེད་མི་སྣ་ཁ་ཤས་གཅིག་ཏུ་བསྡུས་ནས་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་འགོ་རྩོམ་པའི་མཛད་སྒོར་བལྟས་པ་དང་། སློབ་གྲྭའི་སྡེ་ཁག་སོ་སོ་དང་འགན་ནུས་སྡེ་ཁག་སོ་སོས་ཀྱང་སློབ་གྲྭའི་ཏང་ཨུ་ཡི་རེ་བ་ལྟར། ནན་ཏན་སྒོས་བཀོད་སྒྲིག་དང་སེམས་ཞིབ་མོས་རྩ་འཛུགས་བྱས་ནས་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་འགོ་རྩོམ་པའི་མཛད་སྒོར་བལྟས་བ་མ་ཟད། རྩ་འཛུགས་བྱས་ནས་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གྲོས་བསྡུར་བྱས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10