ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས2013ལོར་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཁྱབ་ཞིབ་ཐེངས་གསུམ་པ་སྤེལ་རྒྱུ་ཐག་བཅད་པ།

ཀླུ་འབུམ་བྱམས།    ཞིན་ཧྭ་གསར་འགྱུར་དྲ་བ།    2012-11-13

ཀྲུང་གོ་སྲིད་གཞུང་དྲ་བས་ཟླ་བཅུ་གཅིག་པའི་ཚེས་བཅུ་གཉིས་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཁྱབ་ཞིབ་ཐེངས་གསུམ་པ་སྤེལ་བའི་སྐོར་གྱི་བརྡ་ཐོ་བསྒྲགས། བརྡ་ཐོ་ལས་རྒྱལ་ཡོངས་དཔལ་འབྱོར་ཁྱབ་ཞིབ་སྲོལ་ཡིག་ཅེས་པའི་གཏན་ཁེལ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་2013ལོར་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཁྱབ་ཞིབ་ཐེངས་གསུམ་པ་སྤེལ་རྒྱུ་ཐག་བཅད།
བརྡ་ཐོ་ལས་བསྟན་དོན། རྒྱལ་ཡོངས་ཀྱི་དཔལ་འབྱོར་ཁྱབ་ཞིབ་ཐེངས་གསུམ་པའི་བྱ་ཡུལ་ནི་ཀྲུང་གོའི་ཁོངས་སུ་ཐོན་ལས་གཉིས་པ་དང་གསུམ་པ་གཉེར་བའི་ཁྲིམས་མིའི་ལས་ཁུངས་དང་། ཐོན་ལས་འགུལ་སྐྱོད་ལས་ཁུངས། སྒེར་གཉེར་ཚོང་ལས་ཁྱིམ་ཚང་ཡོད་ཚད་ཡིན་ལ། ཁྱབ་ཞིབ་ཀྱི་ནང་དོན་གཙོ་བོ་ནི་ལས་ཁུངས་ཀྱི་གཞི་རྩའི་ངོ་བོ་དང་། ཚོང་གཉེར་པ། ནོར་སྲིད་ཀྱི་རྣམ་པ། ཐོན་སྐྱེད་བདག་གཉེར་གནས་ཚུལ། ཐོན་སྐྱེད་ནུས་པ། མ་བཅོས་རྒྱུ་ཆ་དང་ནུས་ཁུངས། ཐོན་ཁུངས་གཙོ་བའི་ཟད་གྲོན། ཚན་རྩལ་བྱ་འགུལ་གནས་ཚུལ་སོགས་ཡིན། ཁྱབ་ཞིབ་བྱེད་པའི་ཚད་ལྡན་དུས་ཚོད་ནི2013ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་ཡིན་ལ། ཁྱབ་ཞིབ་བྱེད་སྐབས་ཀྱི་དཔྱད་ཡིག་ནི2013ལོའི་དཔྱད་ཡིག་ཡིན་དགོས།
དེའི་སྔོན་ལ། ཀྲུང་གོས2004ལོ་དང2008ལོར་སྔ་གཞུག་ཏུ་ཐེངས་གཉིས་ལ་རྒྱལ་ཡོངས་ཀྱི་དཔལ་འབྱོར་གནས་ཚུལ་ལ་ཁྱབ་ཞིབ་བྱས།
  • ལེ་ཚན་སྔོན་མ།:ཚོགས་ཆེན་བཅོ་བརྒྱད་པར་བསུ་མ་ཞུ་བར་རིག་གནས་གྲོང་གསེབ་ཏུ་བསྐྱལ་བ།
  • ལེ་ཚན་རྗེས་མ།:བོད་ཀྱི་བརྩམས་ཆོས་སྐོར་ཞིག་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་གལ་ཆེའི་རོགས་སྐྱོར་ལས་གཞིར་ཚུད་པ།
  • དོ་སྣང་ཆེ་བའི་རྩོམ།