གཡང་འབུམ་རྒྱལ། མཚོ་སྔོན་པོ་དྲ་བ། 2012-11-13
རྒྱུས་ལོན་པ་ལྟར་ན། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་གལ་ཆེའི་བརྩམས་ཆོས་གསར་རྩོམ་རོགས་སྐྱོར་ལས་གཞི་ནི་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་གསར་རྩོམ་འཕེལ་རྒྱས་སུ་གཏོང་བའི་བྱེད་ཕྱོགས་གལ་ཆེན་ཞིག་ཡིན་ཞིང་། དུས་རབས་ཀྱི་བརྗོད་དོན་དང་མི་རིགས་ཀྱི་བློ་སྤོབས་ཁྱབ་སྤེལ་བྱེད་པའི་ཕུལ་བྱུང་བརྩམས་ཆོས་དམིགས་སུ་བཟུང་སྟེ། ཕུལ་བྱུང་བརྩམས་ཆོས་དང་ཤེས་ཡོན་པ་མང་དུ་འབྱུང་རྒྱུ་དང་། གལ་ཆེའི་བརྩམས་ཆོས་གསར་རྩོམ་རོགས་སྐྱོར་གནང་བ། དེ་མིན་པར་སྐྲུན་དང་བགྲོ་གླེང་བཅས་རྩ་དོན་དུ་བཟུང་བ་ཡིན།
2012ལོར། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་གལ་ཆེའི་བརྩམས་ཆོས་རོགས་སྐྱོར་གཞུང་ལས་ཁང་གིས་འབྲེལ་ཡོད་མཚམས་སྦྱོར་བྱས་པའི་བརྩམས་ཆོས་སུམ་བརྒྱ་དང་ཉེར་བདུན་ལག་སོན་བྱུང་ཞིང་། དེ་ལས་སྒྲུང་རིང་ཞེ་བརྒྱད་དང་། སྙན་ཞུའི་རྩོམ་རིག་དང་དངོས་བྲིས་རྩོམ་རིག་ཉེར་གཉིས། སྙན་རྩོམ་བདུན། ལྷུག་རྩོམ་དགུ། གཞུང་ལུགས་དཔྱད་བརྗོད་བརྒྱད། བྱིས་པའི་རྩོམ་རིག་གཉིས། འཁྲབ་གཞུང་བདུན། དྲ་རྒྱའི་རྩོམ་རིག་དྲུག་བཅས་འདུས་ལ། ཆེད་མཁས་པའི་དཔྱད་གླེང་དང་ཧྲུའུ་ཅི་ཁྲུའུ་ཡིས་ཞིབ་བཤེར་བྱས་པ་བརྒྱུད་མཐར་བརྩམས་ཆོས་རོགས་སྐྱོར་ལས་གཞི་བརྒྱ་དང་དགུ་གཏན་འཁེལ་བྱས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10