ཟླ་བ10པའི་ཚེས31ཉིན།ཉིང་ཞ་ཡིང་ཁྲོན་གྲོང་ཁྱེར་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་ཅུས་དང་ཡིང་ཁྲོན་གྲོང་ཁྱེར་རིག་གནས་སྒྱུ་རྩལ་ཁང་གི་ལས་ཁུངས་ཀྱིས་སྒྲིག་འཛུགས་བྱས་པའི་ཚོགས་ཆེན་བཅོ་བརྒྱད་པར་བསུ་པ་ཞུ་བར་རིག་གནས་གྲོང་གསེབ་ཏུ་བསྐྱལ་བའི་རིག་རྩལ་འཁྲབ་སྟོན་དེ་ཡིང་ཁྲོན་གྲོང་ཁྱེར་ཅིང་ཧྥེང་ཁུལ་ལིའང་ཐེན་གྲོང་རྡལ་གྱི་ཧོ་ཧྲུན་གནས་སྤོ་ཡུལ་མིའི་གྲོང་གསེབ་གསར་པར་སྤེལ་ཞིང་།ཡིང་ཁྲོན་མི་རྒན་སློབ་ཆེན་དང་སྤྱི་ཚོགས་འཁྲབ་སྟོན་ཚོགས་པ་ནས་ཡོང་བའི་འཁྲབ་སྟོན་པ་རྣམས་ཀྱིས་ས་གནས་དེ་གའི་གནས་སྤོ་ཡུལ་མིའི་མང་ཚོགས་ལ་མིག་གི་དགའ་སྟོན་དང་རྣ་བའི་བདུད་རྩི་རུ་འགྱུར་བའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད།