ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི་རྣམ་པས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་ཞུས་པའི་སྙན་སེང་ལ་གྲོས་བསྡུར་བྱས།

(སྐལ་བཟང་ཐུབ་བསྟན་གྱིས་བསྒྱུར།)        2012-11-12

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ11པའི་ཚེས8ཉིན་འབྱོར་བའི་གཏམ་གསར། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་ཚེས8ཉིན་ཞུས་པའི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སེང་ནང་དུ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་དང་།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག   ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཅས་ནི་ཏང་དང་མི་དམངས་ཀྱིས་ལོ་དགུ་བཅུ་ལྷག་འབད་འཐབ་དང་གསར་སྐྲུན། གསོག་འཇོག་བཅས་བྱས་པའི་གཞི་རྩའི་གྲུབ་འབྲས་ཡིན་པས།  ངེས་པར་དུ་གཅེས་སྤྲས་ཆེན་པོ་དང་།ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས།  རྒྱུན་མཐུད་འཕེལ་རྒྱས་བཅས་བྱེད་དགོས་ཞེས་བཏོན་པ་རེད།  སྙན་སེང་དེ་ལ་འཐུས་མི་རྣམ་པའི་ནང་དུ་མཉམ་གྲགས་དྲག་པོར་བྱུང་ཞིང་། ཚང་མས་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སེང་དེས་འཛམ་གླིང་གི་གནས་ཚུལ་དང་།  རྒྱལ་ཁབ་ཀྱི་གནས་ཚུལ།  ཏང་གི་གནས་ཚུལ་བཅས་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ་དེ་རྨང་གཞིར་བཟུང་ནས།  དར་ཆ་ཅི་ཞིག་སྒྲེང་བ་དང་། ལམ་གང་ཞིག་ལ་འགྲོ་བ།  བསམ་པའི་རྣམ་འགྱུར་ཅི་འདྲ་ཞིག་ཁུར་བ།  དམིགས་ཡུལ་གང་ཞིག་ལ་གཏད་པ་བཅས་ལ་དྲིས་ལན་གསལ་པོར་བཏབ་ཡོད་པ་རེད།  ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་དང་འབྲེལ་བ་དམ་ཟབ་ཡོད་པའི་གནད་དོན་གལ་ཆེན་འདི་དག་གིས་ང་ཚོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ལ་སྐུལ་སྤེལ་མགྱོ གས་སུ་གཏོང་བ།  ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་བཅས་ལ་ཁྲིད་སྟོན་བྱ་ངེས་རེད།།
ཏང་གི་ཚོགས་ཆེན་བཅུ་དྲུག་པ་འཚོགས་ཚུན་གྱི་ལོ་བཅུའི་རིང་།  ང་ཚོས་རང་རྒྱལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གོ་སྐབས་དུས་རིམ་གལ་ཆེན་དམ་པོར་བཟུང་ཞིང་བེད་སྤྱོད་ཡག་པོ་བྱས་ཏེ།  འགྲན་རྩོད་རབ་དང་རིམ་པ་ལས་རྒྱལ་ཁ་ཐོབ་ཅིང་།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེ་འཕེལ་རྒྱས་གསར་པའི་དུས་རིམ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དེ་ལ་འཐུས་མི་རྣམས་ལ་མྱོང་ཚོར་ཟབ་མོར་ཐེབས།
   འཐུས་མི་ཚོས་བཤད་རྒྱུར།ལོ་བཅུའི་རིང་།  ཏང་དང་སྲིད་གཞུང་གིས་དམངས་འཚོ་ལེགས་བཅོས་བྱ་རྒྱུའི་ཐད་ལ་འབད་བརྩོན་ཆེན་པོ་བྱས་ནས་སློབ་གསོ་དང་།ལས་ཞུགས། སྨན་བཅོས་སོགས་ཀྱི་བྱ་གཞག་ལ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འཕོ་འགྱུར་བྱུང་བས།  རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁས་ལེན་གང་ལེགས་ཐོབ་པ་རེད།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་དེང་རབས་ཀྱི་ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་གྱི་རྩ་བའི་ཁ་ཕྱོགས་ཡིན་ཞིང་།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱིས་མ་གཏོགས་ཀྲུང་གོ་འཕེལ་རྒྱས་གཏོང་མི་ཐུབ།དཀའ་སྤྱད་འབད་བརྩོན་དང་།  དཔའ་ངར་འབད་འཐབ་ཀྱིས་ཁྱོན་ཡོངས་ནས་བཅོས་བསྒྱུར་སྒོ་ཕྱེ་གཏིང་ཟབ་གཏོངབ།  དུས་བཀག་ལྟར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ཁག་ཐེག་བྱེད་པ།  འབྱོར་ཕྱུག་ལྡན་པ་དང་།  དམངས་གཙོ་དར་བ།  ཡ་རབས་འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཅིག་འཛུགས་སྐྲུན་བྱེད་པ།  དོ་དོ་དན་དན་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ཐོབ་པར་བརྩོན་ལེན་བྱས་ནས2020ལོར་སླེབས་དུས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་བརྗིད་ཆགས་དམིགས་ཡུལ་འགྲུབ་པར་ཁག་ཐེག་བྱ་རྒྱུ་སོགས་ལ་འཐུས་མི་ཚོར་བསམ་ཚུལ་ཆེན་པོ་ཡོད་པ་རེད།
  • ལེ་ཚན་སྔོན་མ།:འདས་པའི་ལོ་ལྔའི་རིང་གི་ལས་ཀ་དང་ལོ་བཅུའི་གནས་ཚུལ་སྤྱི་བསྡོམས་གནང་བ།
  • ལེ་ཚན་རྗེས་མ།:སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་བྱ་བར་སྐུལ་འདེད་ཏན་ཏིག་གཏོང་དགོས།
  • དོ་སྣང་ཆེ་བའི་རྩོམ།