མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-11-12
ཟླ11པའི་ཚེས8ཉིན་གྱི་ཕྱི་དྲོར། བློ་མཐུན་ཝུན་ཅ་པའོ་རྒྱལ་ཡོངས་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པར་ཞུགས་པའི་ཐེན་ཅིན་འཐུས་ཚབ་ཚོགས་པའི་གྲོས་བསྡུར་ལ་ཞུགས།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས8ཉིན་གྱི་ཕྱི་དྲོར། བློ་མཐུན་ཝུན་ཅ་པའོ་རྒྱལ་ཡོངས་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པར་ཞུགས་པའི་ཐེན་ཅིན་འཐུས་ཚབ་ཚོགས་པའི་གྲོས་བསྡུར་ལ་ཞུགས་ཏེ། འཐུས་མི་རྣམས་དང་མཉམ་དུ་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྙན་ཞུ་ལ་གྲོས་བསྡུར་བྱས། ཝུན་ཅ་པའོ་ཡིས་གསུངས་རྒྱུར། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་ཕུལ་བའི་སྙན་ཞུ་ལས་རྒྱང་རིང་དང་ཁྱོན་ཡོངས་ལ་དམིགས་པ་དང་། འདས་པའི་ལོ་ལྔ་དང་ཐ་ན་ལོ་བཅུའི་རིང་གི་བྱ་བའི་གྲུབ་འབྲས་དང་གཞི་རྩའི་ཉམས་མྱོང་ཕྱོགས་ཡོངས་ནས་སྤྱི་སྡོམ་བྱས་པར་མ་ཟད། གནས་བབ་ལ་དབྱེ་ཞིབ་ཟབ་མོ་བྱས་པའི་རྨང་གཞིའི་སྟེང་ཕྱིན་ཆད་ཀྱི་ལོ་ལྔ་དང་དེ་བས་ཀྱང་རིང་བའི་དུས་ཡུན་ནང་གི་འབད་འཐབ་དམིགས་འབེན་དང་ལས་འགན་གཏན་ལ་ཕབ་པས། སྙན་ཞུ་ལ་ལག་ལེན་གྱི་རྨང་གཞི་ལྡན་ཞིང་། རིགས་གཞུང་གསར་བསྐྲུན་བྱེད་པའི་ནུས་པ་ཡོད་པ་དང་། ཁྱོན་ཡོངས་ལ་དམིགས་ཤིང་ཡུན་རིང་གི་འཐབ་ཇུས་བཀོད་ཡོད་པས། ང་ཚོས་ངེས་པར་དུ་སྙན་ཞུ་ལག་ལེན་མཐར་ཕྱིན་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་དགོས་ཟེར།
ཁུང་ཞང་རོས་དང་ཧྲིན་ཏུང་ཧེ། ཡོན་པིན་པའོ། བང་ཧི་ཧྲིན་སོགས་འཐུས་མི་བཅུ་གཅིག་གིས་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུ་དང་ཟུང་འབྲེལ་བྱས་ནས། ལས་རིགས་གསོ་སྦྱོང་ལ་སྔར་ལས་ཤུགས་སྣོན་པ་དང་འགན་སྲུང་རང་བཞིན་གྱི་སྡོད་ཁང་མྱུར་དུ་འཛུགས་སྐྲུན་བྱེད་པ། སློབ་གསོ་འཕྲོད་བསྟེན་ལས་དོན་འཕེལ་རྒྱས་སུ་གཏོང་བ་སོགས་ཐད་ནས་སྔ་གཞུག་ཏུ་གཏམ་བཤད།
ཝུན་ཅ་པའོ་ཡིས་གསུང་བཤད་གནང་སྐབས། སྐབས་འདིའི་སྲུང་གཞུང་གི་འགན་ཁུར་ཡུན་ནང་སྟོབས་ཤུགས་ཡོད་དགུ་བཏོན་ནས་དོན་དག་གཉིས་བཟང་བོར་བསྒྲུབ་དགོས་པ་སྟེ། གཅིག་ནས་ཐོན་ཚད་བརྟན་འཇགས་སྒོས་འཕར་སྣོན་བྱེད་དགོས་པ་དང་། གཉིས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་དགོས་ཞེས་ནན་གྱིས་བསྟན། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10