ཧུའུ་ཅིན་ཐའོ་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་བསྡུར་ལ་ཞུགས་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-11-12

ཧུའུ་ཅིན་ཐའོ་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་བསྡུར་ལ་ཞུགས་པ།
བློ་མཐུན་ཧུའུ་ཅིན་ཐའོ་ཚེས9ཉིན་གྱི་སྔ་དྲོར་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པར་ཞུགས་པའི་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་བསྡུར་ལ་ཞུགས།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བློ་མཐུན་ཧུའུ་ཅིན་ཐའོ་ཚེས9ཉིན་གྱི་སྔ་དྲོར་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པར་ཞུགས་པའི་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་བསྡུར་ལ་ཞུགས་ཏེ་གསུངས་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྙན་ཞུ་ནི་གནས་བབ་གསར་བའི་འོག་ཏུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་རྒྱལ་ཁ་གསར་བ་ཐོབ་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་འགུལ་སྐྱོད་ཀྱི་རྩ་འཛིན་ཡིན། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར། དངོས་འབེབས་བཅས་བྱེད་རྒྱུ་རྐང་འཛུགས་ས་གསར་བ་བྱས་ཏེ། ཕྲག་ཏུ་བབས་པའི་འགན་འཁུར་དང་འགན་འཁྲི་གསལ་བོར་ཤེས་པར་བྱེད་པ་དང་མུ་མཐུད་དུ་མཐུན་སྒྲིལ་འབད་འཐབ་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལས་དོན་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས་ཟེར།

ཅང་སུའུ་འཐུས་ཚབ་ཚོགས་པའི་འཐུས་མི་རྣམས་ཀྱིས་ནན་ཏན་སྒོས་སྙན་ཞུ་ལ་གྲོས་ཞིབ་བྱས་པ་དང་གཏམ་བཤད། ལོ་ཀྲི་ཅོན་དང་ལིས་ཞོ་ཡུང་སོགས་འཐུས་མིས་ཅང་སུའུ་ཞིང་ཆེན་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ། རང་རང་གི་མྱོང་ཚོར་དང་བསམ་ཚུལ་བརྗོད། ཧུའུ་ཅིན་ཐའོ་དང་འཐུས་མི་རྣམས་ཀྱིས་མཉམ་དུ་ལྟ་ཚུལ་བརྗེ་རེས་དང་སྙན་ཞུ་ལ་གྲོས་བསྡུར་བྱས།

ཧུའུ་ཅིན་ཐའོ་ཡིས་ཚང་མའི་གཏམ་བཤད་ལ་ཉན་རྗེས་གསུངས་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་སྟེང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་འབེན་བཏོན་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པའི་སྟེང་གནས་བབ་ཀྱི་འཕེལ་རྒྱས་གཞིར་བཟུང་སྟེ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འབད་འཐད་དམིགས་འབེན་མངོན་འགྱུར་བྱེད་པར་རེ་བ་གསར་བ་བཏོན། ལོ་བཅུའི་རིང་ལ་འབད་འཐབ་བྱས་པ་བརྒྱུད། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། ཉིས་སྟོང་ཉི་ཤུ་ལོར་ཐོན་དུས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་བཏིངས་ཟེར།

ཧུའུ་ཅིན་ཐའོ་ཡིས་གསུངས་རྒྱུར། ཅང་སུའུ་ཞིང་ཆེན་གྱི་བློ་མཐུན་རྣམས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་། ས་གནས་རང་གི་དོན་དངོས་དང་ཟུང་དུ་འབྲེལ་ཏེ། བཅོས་སྒྱུར་གསར་སྐྲུན་གྱི་སྙིང་སྟོབས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་བཏོན་པའི་བཀོད་སྒྲིག་སྣ་ཚོགས་དངོས་འབེབས་བཟང་བྱེད་དགོས་ཟེར།  ། 

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་ལུས་རྩལ་པ་རིན་ཆེན་ལྷ་མོས་ཡ་གླིང་བུམ་པའི་བྲག་འཛེག་འགྲན་བསྡུར་དུ་རྒྱལ་ཁ་བླངས་པ།
  • ལེ་ཚན་རྗེས་མ།:ཝུན་ཅ་པའོ་ཐེན་ཅིན་འཐུས་ཚབ་ཚོགས་པའི་གྲོས་བསྡུར་ལ་ཞུགས་པ།
  • དོ་སྣང་ཆེ་བའི་རྩོམ།