ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2012-11-12
བོད་ལྗོངས་ཀྱི་ལུས་རྩལ་པ་རིན་ཆེན་ལྷ་མོས(དབུས)ཡ་གླིང་བུམ་པའི་
བྲག་འཛེག་འགྲན་བསྡུར་ཁྲོད་རྒྱལ་ཁ་བླངས་པ།
ཟླ11པའི་ཚེས3ནས་ཚེས4བར། སི་ཁྲོན་ཁྲིན་ཏུའུ་རུ་བསྡུས་པའི་ཀྲུང་གོའི་ཡ་གླིང་བུམ་པའི་བྲག་འཛེག་འགྲན་བསྡུར་ཁྲོད་རྒྱལ་ཁབ་བྲག་འཛེག་རུ་ཁག་གིས་གསེར་གྱི་བྱ་དགའ་གསུམ་དང་དངུལ་གྱི་བྱ་དགའ་གསུམ། ཟངས་ཀྱི་བྱ་དགའ་གཉིས་བཅས་བླངས་པ་དང་། དེའི་ཁྲོད་རྒྱལ་ཁབ་རུ་ཁག་ཚབ་བྱེད་པའི་བོད་རང་སྐྱོང་ལྗོངས་ཀྱི་བྲག་འཛེག་ལུས་རྩལ་པ་རིན་ཆེན་ལྷ་མོས་བུད་མེད་དྲག་ཚད་འགྲན་བསྡུར་ལས་ཨང་དང་པོ་དང་། མྱུར་ཚད་འགྲན་བསྡུར་ལས་ཨང་གཉིས་པ་བླངས། འདི་ནི་ཀྲུང་གོའི་རུ་ཁག་གིས་ཡ་གླིང་བྲག་འཛེག་འགྲན་བསྡུར་ཁྲོད་བླངས་པའི་ཆེས་ལེགས་པའི་གྲུབ་འབྲས་ཡིན། དེ་དང་ཆབས་ཅིག་ཏུ་བོད་རང་སྐྱོང་ལྗོངས་ཀྱི་བྲག་འཛེག་ལུས་རྩལ་པ་རིག་འཛིན་དབང་མོས་བུད་མེད་དྲག་ཚད་འགྲན་བསྡུར་དང་མྱུར་ཚད་འགྲན་བསྡུར་ཁྲོད་ཨང་ལྔ་བ་དང་ཨང་བཞི་བ་བླངས་པ་དང་། སྐྱེས་པའི་དྲག་ཚད་འགྲན་བསྡུར་ཁྲོད་བསོད་ནམས་རྒྱ་མཚོས་ཨང་ལྔ་བ་བླངས།
ཐེངས་འདིའི་ཡ་གླིང་བུམ་པའི་བྲག་འཛེག་འགྲན་བསྡུར་ལ་བསྡོམས་པས་རྒྱལ་ཁབ་དང་ས་ཁུལ12ཀྱི་ལུས་རྩལ་པ45འགྲན་བསྡུར་ལ་ཞུགས་ཡོད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10