གཡང་འབུམ་རྒྱལ། ཞིན་ཧྭ་གསར་འགྱུར་དྲ་བ། 2012-11-09
ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། བློ་མཐུན་ཅ་ཆིན་ལིན་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པར་ཞུགས་པའི་པེ་ཅིན་འཐུས་ཚབ་ཚོགས་པར་ཕེབས་ནས་སྙན་ཞུ་ལ་གྲོས་བསྡུར་བྱས། འདི་ནི་ཅ་ཆིན་ལིན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པར་ཞུགས་པའི་ལོ་ན་ཆེས་བགྲེས་པོའི་འཐུས་མི་ཅའོ་རུའུ་ཡུས་ལ་བརྩེ་བའི་ཕྱག་འཇུ་གནང་བའི་ཚུལ་རེད།
བློ་མཐུན་ཅ་ཆིན་ལིན་ཚེས་བརྒྱད་ཉིན་གྱི་ཕྱི་དྲོ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པར་ཞུགས་པའི་པེ་ཅིན་འཐུས་ཚབ་ཚོགས་པར་ཕེབས་ནས་གྲོས་བསྡུར་བྱེད་སྐབས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆནེ་དར་ཆ་མཐོན་པོར་བསྒྲེང་བ་དང་ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་དང་། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་མཛུབ་སྟོན་དུ་བཟུང་སྟེ། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པ་དང་། རྒྱུན་ཆད་མེད་པར་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་ལམ་ལུགས་ཕྱོགས་ཡོངས་ནས་འཐུས་ཚང་དུ་བཏང་སྟེ། འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ཐད་སྔར་མེད་ཀྱི་བློ་གྲོས་དང་སྟོབས་ཤུགས་འདོན་དགོས་ཟེར།
ཅ་ཆིན་ལིན་གྱིས་གཏམ་བཤད་གནང་སྐབས་བསྟན་དོན། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཕུལ་བའི་སྙན་ཞུ་ནི། བརྗོད་བྱ་གསལ་ཞིང་ནང་དོན་ཕུན་སུམ་ཚོགས་ལ། བསམ་བློའི་རང་བཞིན་དྲག་པོ་ལྡན་པས་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་བའི་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་རྒྱལ་ཁ་གསར་བ་ཐོབ་པའི་ཆབ་སྲིད་ཀྱི་རྩ་འཛིན་གལ་ཆེན་ཞིག་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་འགུལ་སྐྱོད་ཀྱི་ཕྱོགས་སྟོན་ཡིན་པས་ང་ཚོས་ངེས་པར་དུ་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10