བཀྲ་ཤིས་འབུམ། ཞིན་ཧྭ་གསར་འགྱུར་དྲ་བ། 2012-11-09
བློ་མཐུན་ཝུའུ་པང་གོ་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པར་ཞུགས་པའི་ཨན་ཧོས་འཐུས་ཚབ་ཚོགས་པར་ཕེབས་ནས་འཐུས་མི་རྣམས་དང་མཉམ་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྙན་ཞུ་ལ་གྲོས་བསྡུར་མཛད། ཝུའུ་པང་གོ་ཡིས་འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ཉན་པ་དང་ཟིན་བྲིས་འགོད་ཞོར་དུ་གསུངས་བཤད་གལ་ཆེན་གནང་བར་མ་ཟད་ཚང་མ་དང་མཉམ་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྙན་ཞུ་ལ་གྲོས་བསྡུར་མཛད། ཝུའུ་པང་གོ་ཡིས་གསུངས་རྒྱུར། རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་བའི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ལས་འགན་ལ་ཁ་ཕྱོགས་ཏེ། བློ་མཐུན་ཧུའུ་ཅིན་ཐའོ་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་ལ་མགོ་ཁྲིད་བྱས་པ་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་བརྟེན་ནས། དཀའ་ཁག་དང་ཉེན་ཁ་སྣ་ཚོགས་ཀྱི་ཉམས་སད་ཐེག་པར་མ་ཟད་ཏང་དང་རྒྱལ་ཁབ་ཀྱི་ཕྱོགས་སོ་སོའི་བྱ་བའི་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་བླངས། ལག་ལེན་དངོས་ལས་ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་རྗེས་སུ་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་སྣ་ཚོགས་ནི་ཧ་ཅང་ཡང་དག་ཡིན་པ་བདེན་དཔང་བྱས་ཡོད་ཟེར། ཝུའུ་པང་གོ་ཡིས་ཨན་ཧོས་ཞིང་ཆེན་གྱིས་ཕྱོགས་སོ་སོའི་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10