སི་ཁྲོན་བོད་ཁུལ་གྱིས་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་མ་ལག་ཐོག་མར་འཛུགས།

སྒྲོལ་མ་ཚེ་མཚོས་བསྒྱུར།        2012-11-09

གསར་འགོད་པས་ཉེ་ཆར་ཞིང་ཆེན་ཞིང་ལས་ཐིང་ནས་ཤེས་རྟོགས་བྱུང་བར།ད་ལོར་རང་རེའི་ཞིང་ཆེན་གྱི་བོད་ཁུལ་གྱི་འབྲུ་རིགས་ཐོན་སྐྱེད་བྱེད་ནུས་རྩ་བའི་ཐོག་བརྟན་པོ་ཡིན་པ་དང་།ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་མགྱོགས་པོ་བྱུང་བ།ཞིང་ལས་ཀྱི་ཚན་རྩལ་འདུས་ཚད་མངོན་གསལ་ཡར་ཐོན་ཡོང་བ།ཞིང་ལས་ཐོན་ལས་འཕེལ་རྒྱས་ཐད་གྲུབ་འབྲས་མངོན་གསལ་ཐོབ་པ་རེད།དཀར་མཛེས་དང་རྔ་བ་ཁུལ་གཉིས་ཀྱི་ཐོག་མར་སྔོན་དཔག་བྱས་པར་གཞིགས་ན།ད་ལོར་ཁུལ་གཉིས་ཀྱི་ཞིང་འབྲོག་པའི་ཡོང་འབབ་སོ་སོ་བརྒྱ་ཆ30དང་བརྒྱ་ཆ26འཕར་བ་རེད།དེའི་ཐོག་ནས་བརྩིས་ན2012ལོར་རང་རེའི་ཞིང་ཆེན་གྱི་བོད་ཁུལ་གྱི་ཞིང་འབྲོག་པ་མི་རེར་ཆ་སྙོམས་ཡོང་འབབ་ཁེར་གཙང་སྒོར5100ལས་བརྒལ་བས།ན་ལོ་ལས་བརྒྱ་ཆ25ཡན་ཆད་འཕར་ཞིང་འཕར་སྣོན་ཡོང་ཚད་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མངོན་གསལ་མཐོ་བ་རེད།
    བོད་ཁུལ་གྱི་འབྲུ་རིགས་ཐོན་སྐྱེད་བྱེད་ནུས་རྩ་བའི་ཐོག་བརྟན་པོ་ཡིན་པ།ད་ལོར་འབྲུ་རིགས་འདེབས་རྒྱ་མུའུ་ཁྲི219.3ཐོག་སླེབས་པ།སྔོན་དཔག་བྱས་ན་ཐོན་ཚད་བསྡོམས་འབོར་ཏུན་ཁྲི45.3ཐོག་སླེབས་པ་རེད།དེའི་ནང་ནས་ཐོན་ཚད་ཏུན་ཁྲི11.8ཡོད་པ།དཀར་མཛེས་ཁུལ་དུ་ཞིང་ཆེན་ཡོངས་ཀྱི་ནས་སོན་བཟང་པོ་གསོ་སྤེལ་གྱི་རྟེན་གཞི་དང་ཐོན་སྐྱེད་རྟེན་གཞི་ཆེས་ཤོས་བཙུགས་ཚར་བ།ཞོག་ཁོག་འདེབས་རྒྱ་མུའུ་ཁྲི48.2ཐོག་སླེབས་པ།རྔ་བ་ཁུལ་གྱི་མཐོ་སྒང་དུ་གཅིག་སྡུད་ཀྱི་ངོས་ཤོག་འབྲེལ་བའི་སྤུས་དག་ཞོག་ཁོག་སོན་བཟང་རྟེན་གཞི་ཐོག་མར་བཙུགས་ཚར་བ་དང་།ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་མགྱོགས་པོ་ཡོང་བ།རང་རེའི་ཞིང་ཆེན་གྱི་བོད་ཁུལ་གྱིས་ཤུགས་ཆེན་པོས་ཞིང་ལས་ཆགས་ཚུལ་ལེགས་སྒྲིག་བྱས་ནས་ཁྲོན་བོད་མཐོ་སྒང་གི་ཚབ་བྱེད་པའི་ཞིང་ལས་ཐོན་རྫས་ཀྱི་ཚོང་རྫས་འབོར་ཆེན་ཞིག་སི་ཁྲོན་གྱི་ཚོང་ར་དང་རྒྱལ་ཡོངས་ཀྱི་ཚོང་རར་བཙོངས་པ་རེད།བསྡོམས་རྩིས་བྱས་པར་གཞིགས་ན།ད་ལོར་རང་རེའི་ཞིང་ཆེན་བོད་ཁུལ་གྱི་ཀུ་ཤུ་འཛུགས་རྒྱ་མུའུ་ཁྲི19ཐོག་སླེབས་ཤིང་།ཐོན་ཚད་ཏུན10.7ཡོད་པ།སྔོ་ཚལ་འདེབས་རྒྱ་མུའུ་ཁྲི30.1དང་ཐོན་ཚད་ཏུན་ཁྲི58.6ཐོག་སླེབས་པ་རེད།
      ཞིང་ལས་ཚན་རྩལ་མངོན་གསལ་ཡར་ཐོན་ཡོང་བ།དཀར་མཛེས་ཁུལ་གྱི་ཞིང་ལས་ཚན་རྩལ་ཁང་གིས་ནས་འདེབས་འཛུགས་བྱ་རྒྱུ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་གནས་པ་རེད།ཞིང་ལས་ལོ་ཐོག་གཙོ་བོའི་སོན་བཟང་གི་ཁེབས་ཚད་བརྒྱ་ཆ85ཐོག་སླེབས་ཤིང།འགྱིག་ཤོག་ཁེབས་ཞབས་དང་།སྒྲིག་ཆས་གསོ་སྤེལ་སྤྱོད་གོ་ཆོད་པའི་ལག་རྩལ་ཁྱབ་གདལ་གཏོང་ཚད་བརྒྱ་ཆ80ཐོག་སླེབས་པ་རེད།
  • ལེ་ཚན་སྔོན་མ།:ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པས་གྲ་སྒྲིག་ཚོགས་འདུ་བསྡུས་པ་དང་ཧུའུ་ཅིན་ཐའོ་ཡིས་ཚོགས་འདུར་མགོ་འཛིན་མཛ
  • ལེ་ཚན་རྗེས་མ།:ཝུའུ་པང་གོ་ཨན་ཧོས་འཐུས་ཚབ་ཚོགས་པའི་གྲོས་བསྡུར་ལ་ཞུགས་པ།
  • དོ་སྣང་ཆེ་བའི་རྩོམ།