ཕྱུག་ལོ། ཞིན་ཧྭ་གསར་འགྱུར་དྲ་བ། 2012-11-08
ཟླ11པའི་ཚེས7ཉིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲ་སྒྲིག་ཚོགས་འདུ་བསྡུས། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་ཚོགས་འདུར་མགོ་འཛིན་མཛད།
ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པས་ཚེས་བདུན་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲ་སྒྲིག་ཚོགས་འདུ་བསྡུས།
བློ་མཐུན་ཧུའུ་ཅིན་ཐའོ་ཡིས་གྲ་སྒྲིག་ཚོགས་འདུར་མགོ་འཛིན་མཛད།ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པར་ཞུགས་དགོས་པའི་འཐུས་མི་དང་ཆེད་ཞུས་འཐུས་མི་སྟོང་གཉིས་དང་སུམ་བརྒྱ་ཉེར་ལྔ་ཡོད།གྲ་སྒྲིག་ཚོགས་འདུ་ལ་ཞུགས་པའི་འཐུས་མི་དང་ཆེད་ཞུས་འཐུས་མི་སྟོང་གཉིས་དང་ཉིས་བརྒྱ་བརྒྱད་ཅུ་ཡོད།ཚོགས་འདུའི་སྟེང་ལག་པ་ཡར་བཀྱགས་ཏེ་བརྡས་ཐག་བཅད་ནས། མི་ཉེར་གཉིས་ཀྱིས་གྲུབ་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མིང་ཐོ་ལ་གྲོས་འཆམ་བྱུང་བ་དང་། མི་ཉིས་བརྒྱ་དང་ཞེ་བདུན་གྱིས་གྲུབ་པའི་ཚོགས་ཆེན་ཀྲུའུ་ཞི་ཚོགས་པའི་མིང་ཐོ་ལ་གྲོས་འཆམ་བྱུང་ཞིང་། ཞི་ཅིན་ཕེན་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོར་གདམ་པར་གྲོས་འཆམ་བྱུང་། ཚོགས་འདུའི་སྟེང་ཚོགས་ཆེན་དྲུང་ཡིག་ཁང་གི་ལས་ཁུངས་སྒྲིག་བཀོད་དང་བྱ་བའི་ལས་འགན་ལ་གྲོས་འཆམ་བྱུང་།ཚོགས་འདུའི་སྟེང་ད་དུང་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་གྲོས་རིམ་ལ་གྲོས་འཆམ་བྱུང་། ཚོགས་ཆེན་གྱི་གྲོས་རིམ་ནི་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་ཉན་ནས་གྲོས་ཞིབ་བྱ་རྒྱུ་དང་། སྐབས་བཅུ་བདུན་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་ཞིབ་བཤེར་བྱ་རྒྱུ། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་འབྱུང་རྒྱུ། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གདམ་རྒྱུ། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གདམ་རྒྱུ་བཅས་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10