ལྷ་སའི་ཁྲོམ་གཞུང་ཁག་ལ་ལྒང་ཞུ་དང་རྒྱལ་དར་འགེལ་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་བསུ་བ།
བོད་ལྗོངས་འཕྲིན་དྲ། 2012-11-06
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་པེ་ཅིང་དུ་ཚོགས་གྲབས་ཡོད་པ་དང་། ལྷ་སའི་ཁྲོམ་གཞུང་ཁག་ལ་ལྒང་ཞུ་དང་རྒྱལ་དར་འགེལ་ནས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱེད་རྒྱུར་བསུ་བ་ཞུ་བཞིན་ཡོད་པ་རེད། །