ཚན་རིག་དང་མཐུན་པར་འཕེལ་རྒྱས་བཏང་ནས་འོད་སྟོང་མདུན་ལམ་བསྐྲུན《ཏང་གི་ཚོགས་ཆེན་བཅུ་བདུན་པ་འཚོགས་ཚུན་གྱི་དོན་ཆེན་ཟིན་ཐོ།》སྤེལ།

མིག་དམར་གྱིས་བསྒྱུར།        2012-11-06

ཏང་གི་ཚོགས་ཆེན་བཅུ་བདུན་པ་འཚོགས་ཚུན་གྱི་ལོ་ལྔ་ནི་རང་རྒྱལ་གྱི་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཐོག་སྤྱིར་བཏང་མིན་པའི་ལོ་ལྔ་ཡིན། 《ཏང་གི་ཚོགས་ཆེན་བཅུ་བདུན་པ་འཚོགས་ཚུན་གྱི་དོན་ཆེན་ཟིན་ཐོ།》ནང་ཐོ་འགོད་བྱས་པའི་དོན་ཆེན་རེ་རེ་དང་གྲུབ་འབྲས་རེ་རེ། གྲངས་ཀ་རེ་རེ་བཅས་ཀྱིས་ཕྱོགས་མི་འདྲ་བའི་ཐད་ནས་ཏང་གི་ཚོགས་ཆེན་བཅུ་བདུན་པ་འཚོགས་ཚུན་གྱི་ལོ་ལྔའི་རིང་།རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན།རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན།ཤང་ཀང་དང་ཨའོ་མེན་སྐོར་གྱི་ལས་ཀ་དང་ཐའེ་ཝན་ལ་ཕྱོགས་པའི་ལས་ཀ། ཕྱི་འབྲེལ་གྱི་ཕྱོགས་ཡོངས། ཏང་གི་འཛུགས་སྐྲུན་ལ་གྲུབ་འབྲས་གཡུར་ཟ་ཐོབ་པ་བཅས་གཅིག་བསྡུས་ཀྱིས་མཚོན་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་གཏོང་བའི་ལེགས་འགྲུབ་བྱུང་བའི་ལག་ལེན་དང་མི་དམངས་ཀྱི་འཚོ་བར་འཕོ་འགྱུར་ཆེན་པོ་བྱུང་བ་མཚོན་ཡོད།ལོ་ལྔའི་ནང་།ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དཀའ་ངལ་སེལ་བས་དགའ་འོས་པའི་ལས་ཀ་མང་པོ་ཞིག་གྲུབ་ལ་དཀའ་གནད་ཆེ་བའི་ལས་ཀ་མང་པོ་ཞིག་ཀྱང་གྲུབ།ལོ་ལྔའི་རིང་ཏང་གིས་མི་དམངས་ལ་འགོ་ཁྲིད་དེ་གྱ་གྱུའི་བགྲོད་ལམ་ཐོག་བསྐྱོད་པའི་འོད་སྟོང་ལྡན་པའི་ལོ་རྒྱུས་ཀྱི་ལམ་བུ་དང་གྲུབ་འབྲས་ཆེན་པོར་ཕྱི་མིག་ལྟ་དུས།མི་ལ་སྐུལ་ལྕག་ཐེབས་ཤིང་ཡར་རྒྱས་བརྩོན་ལེན་གྱི་ནུས་ཤུགས་བཏོན་པ་རེད།
  • ལེ་ཚན་སྔོན་མ།:《ཀློག་པ་པོ》ཞེས་པའི་དུས་དེབ་ཀྱི་སྤྱིའི་འདོན་ཐེངས་དང་པོ་འགྲེམ་སྤེལ་བྱས་པ།
  • ལེ་ཚན་རྗེས་མ།:ལྷ་སའི་ཁྲོམ་གཞུང་ཁག་ལ་ལྒང་ཞུ་དང་རྒྱལ་དར་འགེལ་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་བསུ་བ།
  • དོ་སྣང་ཆེ་བའི་རྩོམ།