ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅུ་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་ཚོགས་པ།

ཕྱུག་ལོ།        2012-11-07

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅུ་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་ཚོགས་པ།

 

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅུ་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་ཟླ11པའི་ཚེས1ཉིན་ནས་ཚེས4ཉིན་བར་པེ་ཅིན་ནས་ཚོགས། ཚང་འཛོམས་གྲོས་ཚོགས་ལ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་མགོ་འཛིན་བྱས། འདི་ནི་ཧུའུ་ཅིན་ཐའོ་དང་ཝུའུ་པང་གོ། ཝུན་ཅ་པའོ། ཅ་ཆིན་ལིན། ལིས་ཁྲང་ཁྲུན། ཞི་ཅིན་ཕེན། ལིས་ཁི་ཆཱང་། ཧི་གོ་ཆཱང་། ཀྲིག་ཡུང་ཁང་བཅས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་པའི་ཚུལ་རེད། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅུ་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་ཚོགས་པ།

འདི་ནི་ཧུའུ་ཅིན་ཐའོ་ཡིས་གསུང་བཤད་གལ་ཆེན་གནང་བའི་ཚུལ་རེད།
 

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅུ་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ2012ལོའི་ཟླ11པའི་ཚེས1ཉིན་ནས་ཚེས4ཉིན་བར་པེ་ཅིན་ནས་ཚོགས།

    གྲོས་ཚོགས་ལ་ཞུགས་པའི་ཀྲུང་དབྱང་ཨུ་ཡོན་ཉིས་བརྒྱ་ཡོད་པ་དང་། རྗེས་སྣོན་ཀྲུང་དབྱང་ཨུ་ཡོན་བརྒྱ་དང་རེ་ལྔ་ཡོད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འབྲེལ་ཡོད་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་བྱས།

    གྲོས་ཚོགས་ལ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་མགོ་འཛིན་བྱས་པ་དང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་གསུང་བཤད་གལ་ཆེན་གནང་།

    གྲོས་ཚོགས་སྟེང་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན་པེ་ཅིན་ནས་འཚོགས་རྒྱུའི་ཐག་བཅད།

    གྲོས་ཚོགས་སྟེང་ཧུའུ་ཅིན་ཐའོ་ཡིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་མངགས་བཅོལ་ལྟར་ཕུལ་བའི་སྙན་ཞུ་ལ་ཉན་པ་དང་གྲོས་སྡུར་བྱས། ཚང་འཛོམས་གྲོས་ཚོགས་སྟེང་ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅུ་བདུན་པས་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པར་འབུལ་བའི་སྙན་ཞུ་ལ་གྲོས་སྡུར་བྱས་ཏེ་གྲོས་འཆམ་བྱུང་བ་དང་། «ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན»ལ་གྲོས་སྡུར་བྱས་ཏེ་གྲོས་འཆམ་བྱུང་བ་མ་ཟད། ཡིག་ཆ་འདི་གཉིས་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པར་གྲོས་ཞིབ་བྱེད་པར་འབུལ་རྒྱུའི་ཐག་བཅད། ཞི་ཅིན་ཕེན་གྱིས་ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅུ་བདུན་པས་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པར་འབུལ་བའི་སྙན་ཞུའི་གྲོས་སྡུར་མ་ཡིག་དང་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་གྱི་གྲོས་སྡུར་མ་ཡིག་གི་སྐོར་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་བྱས།

    ཚང་འཛོམས་གྲོས་ཚོགས་སྟེང་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བྱ་བར་ཁས་ལེན་བྱས། གཅིག་གྱུར་གྱིས་བལྟས་ན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ་དང་། ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བདུན་པ་དང་། སྐབས་བཅུ་བདུན་པའི་ཀྲུང་ཨུ་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བ། དྲུག་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ལ། ཏིན་ཞའོ་ཕེན་གྱི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་མཛུབ་སྟོན་དུ་བཟུང་བ་དང་། ཚན་རིག་གི་འཕེལ་རྒྱས་ལྟ་བ་ལག་བསྟར་ཟབ་མོ་བྱས་ཤིང་། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཚན་རིག་གི་འཕེལ་རྒྱས་བརྗོད་བྱ་གཙོ་བོར་བཟུང་བ་དང་། དཔལ་འབྱོར་འཕེལ་སྟངས་མྱུར་དུ་བསྒྱུར་བ་ཐབས་ལམ་གཙོ་བོར་བརྩིས་ཏེ། བརྟན་འཇགས་ངང་འཕར་སྣོན་འབྱུང་བར་བྱེད་པ་དང་དངོས་གོང་ལ་ཚོད་འཛིན་བྱེད་པ། གྲུབ་ཚུལ་ལེགས་སྒྲིག་བྱེད་པ། དམངས་འཚོར་ཕན་འདོགས་པ། བཅོས་སྒྱུར་དམ་དུ་འཛིན་པ། འཆམ་མཐུན་ལ་སྐུལ་བ་བཅས་ཀྱི་ཐད་འབད་བརྩོན་བྱས་ཤིང་། རང་བདག་གསར་སྐྲུན་དང་ནུས་ཁུངས་གྲོན་ཆུང་། བཙོག་རྫས་ཉུང་འདོན། རྒྱལ་ནང་གི་དགོས་མཁོ་རྒྱ་བསྐྱེད་པ། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ། དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱེད་པ་བཅས་ཀྱི་ཐད་འབད་བརྩོན་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ཕྱོགས་ཡོངས་ནས་སྤེལ་ཞིང་། ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་ཕྱོགས་ཡོངས་ནས་སྤེལ་ཏེ། ལས་དོན་སྣ་ཚོགས་ཐད་ནས་མངོན་པར་གསལ་བའི་གྲུབ་འབྲས་བླངས་པས། དཔལ་འབྱོར་བརྟན་ཞིང་ཅུང་མགྱོགས་པོར་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་བྱུང་ནས། ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པར་མཐུན་རྐྱེན་བསྐྲུན་པར་འདོད།

    ཚང་འཛོམས་གྲོས་ཚོགས་སྟེང་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བདུན་པ་ཚོགས་ནས་ལོ་ལྔ་འགོར་བའི་རིང་གི་བྱ་བ་སྤྱི་བསྡོམས་བྱས། གཅིག་གྱུར་གྱིས་བལྟས་ན། ལོ་ལྔ་བོ་འདི་ནི་སྤྱིར་བཏང་མིན་པའི་ལོ་ལྔ་ཡིན་ཏེ། རྙོག་འཛིང་དང་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་། དཀའ་ཚེགས་ཆེ་བའི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ལས་འགན་ལ་དམིགས་ཏེ། བློ་མཐུན་ཧུའུ་ཅིན་ཐའོ་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་ལ་སྣེ་ཁྲིད་མཛད་པ་དང་། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་དམ་དུ་བརྟེན་ནས། དཀའ་ཁག་དང་ཉེན་ཁ་སྣ་ཚོགས་ཁྱད་དུ་བསལ་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྣ་ཚོགས་ཕྱོགས་ཡོངས་ནས་སྤེལ་བས། དཔལ་འབྱོར་བརྟན་ཞིང་ཅུང་མགྱོགས་པོར་འཕེལ་རྒྱས་བྱུང་བ་དང་། བཅོས་སྒྱུར་སྒོ་འབྱེད་ཐད་དུ་གྲུབ་འབྲས་གལ་ཆེན་བླངས་ལ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་བ་དང་། དམངས་གཙོའི་ཁྲིམས་ལུགས་འཛུགས་སྐྲུན་ཐད་གོམ་སྟབས་གསར་བ་སྤེས་ཤིང་། རིག་གནས་འཛུགས་སྐྲུན་ཆུ་ཚད་གསར་བར་བསླེབས་པ་དང་། སྤྱི་ཚོགས་འཛུགས་སྐྲུན་ཐད་གོང་འཕེལ་གསར་བ་བྱུང་ལ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཐད་རྣམ་པ་གསར་བ་བཏོད་ཅིང་། ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་ཀྱི་བྱ་བར་སྔར་ལས་ཤུགས་བསྣན། ཕྱི་འབྲེལ་བྱ་བར་ཕན་འབྲས་གསར་བ་ཐོབ་པ་དང་། ཏང་གི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛིན་སྐྱོང་བྱས་པར་འདོད།

    ཚང་འཛོམས་གྲོས་ཚོགས་སྟེང་ཧྥན་ཁྲང་ལུང་དང་ཞུའུ་ཆི་ལེང་གཉིས་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་ཁ་སྣོན་བྱ་རྒྱུའི་ཐག་བཅད།

    ཚང་འཛོམས་གྲོས་ཚོགས་སྟེང་ཏང་གི་སྒྲིག་ཡིག་གི་གཏན་ཁེལ་ལྟར། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན་ཝང་ཞེའོ་ཅུན་དང་ཝང་ཅན་ཕེན་གཉིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་ཁ་སྣོན་བྱས།

    ཚང་འཛོམས་གྲོས་ཚོགས་སྟེང«ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་པོ་ཞི་ལའེ་ཡི་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་སྐོར་གྱི་ཞིབ་བཤེར་སྙན་ཞུ»ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས2012ལོའི་ཟླ9བའི་ཚེས28ཉིན་པོ་ཞི་ལའེ་ཏང་གི་ནང་ནས་ཕུད་རྒྱུའི་ཐག་བཅད་པ་དང་། 2012ལོའི་ཟླ5བའི་ཚེས28ཉིན་ལིག་ཀྲི་ཅུན་ཏང་གི་ནང་ནས་ཕུད་རྒྱུའི་ཐག་བཅད་པ་དེར་ཁས་ལེན་བྱས།

    ཚང་འཛོམས་གྲོས་ཚོགས་སྟེང་དེང་གི་གནས་བབ་དང་ལས་འགན་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་པ་དང་། གནས་བབ་གསར་བའི་འོག་ཏུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལས་དོན་གོང་དུ་སྤེལ་བ་དང་། ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་བ་སྤེལ་བའི་གནད་དོན་གལ་ཆེན་རབ་དང་རིམ་པར་གྲོས་སྡུར་ཟབ་མོ་བྱས་ཏེ། ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པར་གྲ་སྒྲིག་གང་ལེགས་བྱས། །

  • ལེ་ཚན་སྔོན་མ།:ལྷ་སའི་ཁྲོམ་གཞུང་ཁག་ལ་ལྒང་ཞུ་དང་རྒྱལ་དར་འགེལ་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་བསུ་བ།
  • ལེ་ཚན་རྗེས་མ།:ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོ
  • དོ་སྣང་ཆེ་བའི་རྩོམ།