དེ་རིང་ནས་བཟུང་ཕོ་བྲང་པོ་ཏ་ལའི་སྒོ་འཛིན་རིན་གོང་ཡུལ་སྐོར་ཉུང་དུས་ཀྱི་རིན་གོང་ལྟར་ལག་བསྟར་བྱེད་རྒྱུ་ཡིན་པ།

    ཀྲུང་གོའི་བོད་ལྗོངས་དྲ་བ།    2012-11-02

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དེ་རིང་ནས་བཟུང་ཕོ་བྲང་པོ་ཏ་ལའི་སྒོ་འཛིན་གྱི་རིན་གོང་ཡུལ་སྐོར་བཟང་དུས་ཀྱི་མི་རེར་སྒོར200ནས་ཡུལ་སྐོར་ཉུང་དུས་ཀྱི་མི་རེར་སྒོར100ཡིན་པ་དང་སྒོ་འཛིན་དེ་ཡང་མངགས་ཉོ་བྱེད་དགོས་ཀྱི་མེད་ལ་ཐད་ཀར་ཉོས་ནས་གཟིགས་སྐོར་ལ་ཕེབས་ཆོག་གི་ཡོད། སྔོན་རྩིས་ལྟར་ན་སང་ལོའི་ཟླ་བ4པའི་བར་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་པ་རེད། དེ་དང་དུས་མཚུངས་དེ་རིང་ནས་བཟུང་ཕོ་བྲང་པོ་ཏ་ལའི་གཟིགས་སྐོར་དུས་ཚོད་ཡང་ཉུང་དུ་བཏང་ཡོད་དེ་ཞོགས་པའི་ཆུ་ཚོད1ནས་ཉིན་གུང་གི་ཆུ་ཚོད2བར་སྒོ་དབྱེ་རྒྱུ་ཡིན་པ་རེད།  །

  • ལེ་ཚན་སྔོན་མ།:ཟི་ལིང་གངས་རྒྱན་སློབ་གསོ་གསོ་སྦྱོང་སློབ་གྲྭས་སཾ་སྐྲྀ་ཏའི་སྐད་ཀྱི་གསོ་སྦྱོང་འཛིན་གྲྭ་བཙུགས་པ།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱི་ཞིང་སྡེ་རུ་སྤྱི་ཚོགས་འགན་སྲུང་དྲ་རྒྱ་རིམ་བཞིན་ཆགས་པ།
  • དོ་སྣང་ཆེ་བའི་རྩོམ།