མཚོ་སྔོན་པོ་དྲ་བ། 2012-11-02
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟི་ལིང་གངས་རྒྱན་སློབ་གསོ་གསོ་སྦྱོང་སློབ་གྲྭ་ནི2011ལོའི་ཟླ4བའི་ཚེས26ཉིན་བཙུགས་པ་དང་། དེ་ནི་ཟི་ལིང་གྲོང་ཁྱེར་སློབ་གསོ་ཅུའུ་དང་། དམངས་སྲིད་ཅུའུ། བཅོས་བསྒྱུར་དང་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་བཀོད་པ་ལྟར་བཙུགས་པའི་ཚད་ལྡན་གྱི་གསོ་སྦྱོང་སློབ་གྲྭ་ཞིག་རེད། གཙོ་བོ་བོད་ཡིག་དང་དབྱིན་ཡིག་སོགས་སྐད་རིགས་སློབ་ཁྲིད་ཀྱི་ལྟེ་གནས་ཤིག་ཡིན་ལ། གསོ་སྦྱོང་བྱས་པའི་མི་ཐེངས1200ལས་བརྒལ་བ་རེད། མིག་སྔའི་བར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་མཉམ་འབྲེལ་བྱས་ནས་བསྒྲུབས་པའི་རིག་གནས་དཔེ་རིས་འབྲི་བ་དང་། ཡུལ་ཤུལ་ས་ཁུལ་གྱི་རྐང་འཛིན་དགེ་རྒན་གསོ་སྦྱོང་བྱེད་པ། རིག་གནས་བྱ་འགུལ་སོགས་མང་བོ་ཞིག་སྤེལ།
སློབ་གྲྭ་དེས་རབ་འབྱམས་པ་དང་འབུམ་རམས་པ་ལ་རྒྱུགས་སྤྲོད་མཁན་རྣམས་ཀྱི་མཁོ་འདོད་ལྟར་མཚོ་སྔོན་ཞིང་ཆེན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་མཁའ་འབུམ་ལགས་སོགས་གདན་འདྲེན་ཞུས་ནས་ཟླ11པ་ནས་བཟུང་ཉིན་བཅུའི་རིང་དུ་གཟའ་མཇུག་ལ་སཾ་སྐྲྀ་ཏའི་སྐད་ཁྲིད་པའི་འཛིན་གྲྭ་བསྡུ་རྒྱུ་ཡིན་ཏེ། སློབ་ཡུན་ཆུ་ཚོད20ལ་སློབ་ཡོན་མི་རེར་སྒོར300རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10