དྲག་ཆས་ཉེན་རྟོག་བོད་ལྗོངས་བརྟན་ལྷིང་སྲུང་སྐྱོབ་དཔུང་སྡེས་དམ་འཇོག་སྐུལ་སློང་ཚོགས་ཆེན་འཚོགས་པ།

    བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།    2012-11-02

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དྲག་ཆས་ཉེན་རྟོག་བོད་ལྗོངས་བརྟན་ལྷིང་སྲུང་སྐྱོང་དཔུང་སྡེས་ཚོགས་ཆེན་བཅོ་བརྒྱད་པའི་རིང་བདེ་འཇགས་འགན་སྲུང་གི་དཔུང་འཇུག་དམ་བཅའི་སྐུལ་སློང་ཚོགས་ཆེན་འཚོགས་པའི་ཐོག་ནས། བོད་དུ་བཅའ་སྡོད་དྲག་ཆས་ཉེན་རྟོག་དཔུང་སྡེས་ཚོགས་ཆེན་བཅོ་བརྒྱད་པའི་རིང་གི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་སྲུང་གི་ལས་དོན་དངོས་སུ་སྤཻལ་འགོ་ཚུགས་པ་མཚོན་གྱི་ཡོད།

    ལས་འགན་སྒྲུབ་མཁན་དཔུང་སྡེའི་དཔོན་དམག་ཚོས་གཅིག་མཇུག་གཉིས་མཐུད་ངང༌། གྲ་སྒྲིག་ཨང་གསར་དང༌ནུས་ཤུགས་ཡོད་དགུ། མངག་བཅོལ་ཟབ་མོ་བློ་ལ་བརྟན་པོར་འཆང་བ། འོས་འགན་ལ་ངོ་གནོང་མི་དགོས་པ་བྱེད་པ་བཅས་བྱས་ནས་བོད་ལྗོངས་ཞི་མཐུན་བརྟན་ལྷིང་འགན་སྲུང་བྱེད་པའི་ཕུལ་བྱུང་གྲུབ་འབྲས་ཐོག་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་ཕྱག་རྟགས་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།   །

  • ལེ་ཚན་སྔོན་མ།:ལྷ་ས་གྲོང་ཁྱེར་གྱིས་མང་ཚོགས་ལ་སྟབས་བདེ་སྐྲུན་པའི་མཁའ་ཟམ་ལས་གཞི་གང་མགྱོགས་འཛུགས་སྐྲུན་ལེགས་སྒྲུབ་བྱེད
  • ལེ་ཚན་རྗེས་མ།:ཟི་ལིང་གངས་རྒྱན་སློབ་གསོ་གསོ་སྦྱོང་སློབ་གྲྭས་སཾ་སྐྲྀ་ཏའི་སྐད་ཀྱི་གསོ་སྦྱོང་འཛིན་གྲྭ་བཙུགས་པ།
  • དོ་སྣང་ཆེ་བའི་རྩོམ།