ལྷ་ས་གྲོང་ཁྱེར་གྱིས་མང་ཚོགས་ལ་སྟབས་བདེ་སྐྲུན་པའི་མཁའ་ཟམ་ལས་གཞི་གང་མགྱོགས་འཛུགས་སྐྲུན་ལེགས་སྒྲུབ་བྱེད་རྒྱུ།

    བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།    2012-11-02

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་གྱིས་མང་ཚོགས་ལ་སྟབས་བདེ་སྐྲུན་པའི་མཁའ་ཟམ་ལས་གཞི་དེ་དུས་སང་ཟླ་བ་དང་པོའི་ཟླ་མཇུག་ཏུ་འཛུགས་སྐྲུན་ལེགས་སྒྲུབ་ཐུབ་བཟོ་ཡོད་པ་རེད། ལྷ་ས་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར། གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་སྐལ་བཟང་ཕུན་ཚོགས་ཀྱིས་སྐབས་དེ་དུས་ལྷ་ས་གྲོང་ཁུལ་གླིང་སྐོར་ལམ་གྱི་གཞུང་ལམ་སྒྲོལ་བའི་མཁའ་ཟམ་གྱིས་གླིང་སྐོར་ལ་འགྲོ་མཁན་མང་ཚོགས་དང་འགྲུལ་བཞུད་མང་ཚོགས་ལ་སྟབས་བདེ་སྐྲུན་རྒྱུ་མ་ཟད། ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་ཁོར་ཡུག་ཀྱང་སྔར་བས་ཡག་ཏུ་འགྲོ་རྒྱུ་རེད་ཅེས་གསུངས་པ་རེད།
    སྐལ་བཟང་ཕུན་ཚོགས་ཀྱིས་ད་ལོའི་སྤྱི་ཟླ6པར་ལྷ་ས་གྲོང་ཁྱེར་གྱིས་དམངས་ལ་སྟབས་བདེ་བསྐྲུན་པའི་མཁའ་ཟམ་ལས་གཞི་བསྐྲུན་འགོ་ཚུགས་པ་དང་གཞུང་ལམ་སྒྲོལ་བའི་མཁའ་ཟམ་དགུ་ལས་གྲུབ་པའི་དམངས་ལ་སྟབས་བདེ་སྐྲུན་པའི་མཁའ་ཟམ་ལས་གཞིར་ཁྱོན་མ་དངུལ་སྒོར་ཁྲི་ཚོ6500ལྷག་ཙམ་བཏང་ཡོད། ལས་གཞི་དེའི་ནང་ནས་ཐོག་མར་ལས་འགོ་བཙུགས་པའི་ཉང་བྲན་ལམ་གྱི་ལམ་མདོ་དང་གཞོན་ནུ་ལམ་གྱི་ལམ་མདོའི་དམངས་ལ་སྟབས་བདེ་སྐྲུན་པའི་མཁའ་ཟམ་གཉིས་འཛུགས་སྐྲུན་གང་མགྱོགས་བྱེད་བཞིན་ཡོད་ཅིང༌། སྔོན་དཔགས་བྱས་ན་ད་ལོའི་ལོ་མཇུག་གོང་དུ་བསྐྲུན་ནས་བེད་སྤྱོད་ཐུབ་རྒྱུ་རེད།  །
  • ལེ་ཚན་སྔོན་མ།:ཡུན་ནན་ཞོན་ཝེ་གྲོང་ཁྱེར་གྱིས་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་ལས་འཕེལ་རྒྱས་བཏང་སྟེ་དཔལ་འབྱོར་འཕེལ་བར་རམ་འད
  • ལེ་ཚན་རྗེས་མ།:དྲག་ཆས་ཉེན་རྟོག་བོད་ལྗོངས་བརྟན་ལྷིང་སྲུང་སྐྱོབ་དཔུང་སྡེས་དམ་འཇོག་སྐུལ་སློང་ཚོགས་ཆེན་འཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།