ཡུན་ནནཞིང་ཆེན་ཞོན་ཝེ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་དེང་རབས་ཅན་གྱི་ཞིང་ལས་དཔེ་སྟོན་ཁུལ་འཛུགས་རྒྱུའི་གལ་ཆེ་བའི་གོ་སྐབས་དེ་དང་བསྟུན་ནས་ཁྱད་ཆོས་ལྡན་པའི་ཐོན་ལས་དེ་འཕེལ་རྒྱས་ཆེན་པོ་བཏང་བ་རེད།མིག་སྔར། གྲོང་ཁྱེར་ཡོངས་ཀྱིས་ཁྱོན་བསྡོམས་སྔོ་ཚལ་དང་ཁྱད་ཆོས་ལྡན་པའི་དཔལ་འབྱོར་ལོ་ཏོག་གི་རྟེན་གཞི་མུའུ་ཁྲི60བཙུགས་ཡོད་ཅིང་། ཆུ་ཐོན་གསོ་སྤེལ་མུའུ་ཁྲི3འཕེལ་རྒྱས་བཏང་ཡོད། ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་བཏང་བའི་རྒྱ་ཁྱོན་དེ་ལོ་ཧྲིལ་པོའི་འཆར་གཞི་མུའུ་ཁྲི65ཡི་བརྒྱ་ཆ97ལ་ཟིན། ཚད་ལྡན་ཅན་གྱི་སྔོ་ཚལ་ཚོང་ཟོག་གི་རྟེན་གཞི་མུའུ་ཁྲི12དང་ སྒྲིག་ཆས་ཅན་གྱི་སྔོ་ཚལ་རྟེན་གཞི་མུའུ་ཁྲི2བཙུགས་ཡོད།རྒྱ་སྨན་རྒྱུ་ཆ་མུའུ་ཁྲི4དང་། མེ་ཏོག་མུའུ་ཁྲི2ཤིང་ཏོག་མུའུ་ཁྲི9.4དར་འབུ་ཤིང་མུའུ་ཁྲི4ཡུང་ཐུད་མུའུ་ཁྲི5 ཆུ་ཐོན་གསོ་སྤེལ་མུའུ་ཁྲི3བཅས་འདེབས་འཛུགས་བྱས་ཡོད། ཁེ་ལས7ནང་འདྲེན་དང་གསོ་སྐྱོང་བྱས་ཡོད་ཅིང་། ཆེད་ལས་མཉམ་ལས་ཁང4སྒྲིག་འཛུགས་བྱས་པ།ས་བོན་གསར་པ28ནང་འདྲེན་བྱས་པ། ཞིང་པ་མིའི་ཐེངས་གྲངས་ཁྲི4.5ལ་གསོ་སྐྱོང་སྦྱོང་བརྡར་བྱས་པ། སྔོན་དཔག་བྱས་ན།ལོ་ཧྲིལ་པོར་ཁྱད་ཆོས་ལྡན་པའི་ཐོན་ལས་ཀྱི་ཐོན་ཐང་སྒོར་དུང་ཕྱུར13ལ་ཟིན་པ་རེད།