རང་རྒྱལ་གྱི་ཞིང་སྡེ་རུ་སྤྱི་ཚོགས་འགན་སྲུང་དྲ་རྒྱ་རིམ་བཞིན་ཆགས་པ།

བཀྲ་ཤིས་འབུམ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-11-05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འདས་པའི་ལོ་བཅུའི་ནང་རྒྱལ་ཁབ་ནོར་སྲིད་ཀྱིས་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་བ་དང་བསྟུན་ནས། རང་རྒྱལ་གྱི་ཞིང་སྡེ་རུ་སྤྱི་ཚོགས་འགན་སྲུང་དྲ་རྒྱ་རིམ་བཞིན་ཆགས། འགན་སྲུང་ལས་གཞི་སྣ་ཚོགས་མེད་པ་ནས་ཡོད་པ་དང་། ཉུང་བ་དང་ཇེ་མང་དུ་སོང་ཞིང་། འགན་སྲུང་ཆུ་ཚད་དམའ་བ་ནས་ཇེ་མཐོར་སོང་བར་མ་ཟད་ཞིང་བའི་ཐོན་སྐྱེད་དང་འཚོ་བ་སོགས་ཕྱོགས་མང་པོ་རུ་ཁྱབ་ཡོད།ཞིང་ལས་འགན་སྲུང་ཐད་ནས་བཤད་ན། ཉིས་སྟོང་བདུན་ལོར་ཞིང་ཆེན་དྲུག་ནས་ཚོད་ལྟ་བྱེད་མགོ་བརྩམས་པ་དང་། སྐབས་དེར་འགན་སྲུང་ལས་གཞི་ལྔ་མ་གཏོགས་མེད་ལ། ཉིས་སྟོང་བཅུ་གཅིག་ལོའི་བར་དུ་ཞིང་ལས་ཉེན་སེལ་སྣ་ཁ་སྟེ་ཞིང་བའི་ཁང་བའི་ཉེན་སེལ་དང་ཉ་ལས་ཉེན་སེལ། ཞིང་ལས་འཕྲུལ་ཆས་ཉེན་སེལ་སོགས་ཞིང་ལས་དང་ནགས་ལས། ཕྱུགས་ལས། ཉ་ལས་སོགས་ཀྱི་ཕྱོགས་སུ་ཇེ་མང་ལ་སོང་། ཞིང་སྡེ་ཡི་སྤྱི་ཚོགས་འགན་སྲུང་མ་ལག་གི་སྣ་ཁ་ཇེ་མང་ལ་སོང་བར་མ་ཟད་འགན་སྲུང་ཆུ་ཚད་ཀྱང་སྔར་ལས་ཇེ་མཐོར་སོང་། ཉིས་སྟོང་བཅུ་གཅིག་ལོར་རྣམ་པ་གསར་བའི་ཞིང་ལས་འགན་སྲུང་གི་ཁ་གསབ་མ་དངུལ་ཏེ་ཉིས་སྟོང་དགུ་ལོའི་སྒོར་མོ་དུང་ཕྱུར་བཅུ་ལྷག་ནས་སྒོར་མོ་དུང་ཕྱུར་སུམ་བརྒྱ་དང་ང་གཉིས་ལྷག་ལ་ཇེ་མང་དུ་སོང་བ་དང་ལྡབ་སོ་གཅིག་ལྷག་འཕར་ཞིང་། ཉིས་སྟོང་བཅུ་གཅིག་ལོར་རང་རྒྱལ་གྱི་ཞིང་སྡེ་ཡི་ཆེས་དམའ་བའི་འཚོ་བའི་འགན་སྲུང་ཚད་གཞི་དེ་ཉིས་སྟོང་ལྔ་ལོའི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་དོན་བཞི་ལྷག་ནས་སྒོར་བརྒྱ་དང་བཞི་བཅུ་ལྷག་ལ་ཇེ་མང་དུ་སོང་བ་དང་འཕར་ཚད་བརྒྱ་ཆའི་གྱ་བདུན་ལྷག་ལ་བསླེབས། །

 
  • ལེ་ཚན་སྔོན་མ།:དེ་རིང་ནས་བཟུང་ཕོ་བྲང་པོ་ཏ་ལའི་སྒོ་འཛིན་རིན་གོང་ཡུལ་སྐོར་ཉུང་དུས་ཀྱི་རིན་གོང་ལྟར་ལག་བསྟར་བྱེད་རྒྱུ་ཡ
  • ལེ་ཚན་རྗེས་མ།:ཀྲུང་དབྱང་མི་རིགས་སློབ་ཆེན་གྱི《ང་རོ》འགྲེམ་སྤེལ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།