བཀྲ་ཤིས་འབུམ། མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-10-29
ཟླ10བའི་ཚེས26ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་པེ་ཅིན་འགྲེམ་སྟོན་ཁང་དུ་ཕེབས་ཏེ“ཚན་རིག་གི་འཕེལ་རྒྱས་དང་འོད་སྟོང་འབར་བའི་གྲུབ་འབྲས”ཞེས་པའི་པར་རིས་འགྲེམ་སྟོན་ལ་གཟིགས་ཞིབ་གནང་།
ཟླ10བའི་ཚེས26ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་པེ་ཅིན་འགྲེམ་སྟོན་ཁང་དུ་ཕེབས་ཏེ“ཚན་རིག་གི་འཕེལ་རྒྱས་དང་འོད་སྟོང་འབར་བའི་གྲུབ་འབྲས”ཞེས་པའི་པར་རིས་འགྲེམ་སྟོན་ལ་གཟིགས་ཞིབ་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོགས་པར་བསུ་བ་བྱེད་པའི་སྐབས་སུ་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཧུའུ་ཅིན་ཐའོ་དང་ཝུའུ་པང་གོ། ཝུན་ཅ་པའོ། ཅ་ཆིན་ལིན། ལིས་ཁྲང་ཁྲུང་། ཞི་ཅིན་ཕེན། ལིས་ཁི་ཆང་། ཧི་གོ་ཆང་། ཀྲིག་ཡུང་ཁང་སོགས་ཚེས་ཉེར་དྲུག་ཉིན་པེ་ཅིན་འགྲེམ་སྟོན་ཁང་དུ་ཕེབས་ཏེ་ཚན་རིག་གི་འཕེལ་རྒྱས་དང་འོད་སྟོང་འབར་བའི་གྲུབ་འབྲས་ཞེས་པའི་པར་རིས་འགྲེམ་སྟོན་ལ་གཟིགས་ཞིབ་གནང་།
ཐེངས་འདིའི་འགྲེམ་སྟོན་ལས་བློ་མཐུན་ཧུའུ་ཅིན་ཐའོ་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མགོ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་ལ་སྐུལ་འདེད་བཏང་བའི་སྤྱིར་བཏང་མ་ཡིན་པའི་ལོ་རྒྱུས་བརྒྱུད་རིམ་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པ་ཚོགས་རྗེས་ཚན་རིག་གི་འཕེལ་རྒྱས་ཐད་ནས་ཐོབ་པའི་ཉམས་མྱོང་དང་རྒྱལ་ཁབ་འཛུགས་སྐྲུན། མི་དམངས་ཀྱི་འཚོ་བ་བཅས་ཀྱི་ཐད་ནས་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་མཚོན་པར་བྱས། ཧུའུ་ཅིན་ཐའོ་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་རྣམས་འགྲེམ་སྟོན་བྱེད་ས་རེ་རེ་ལ་ཕེབས་ཏེ་པར་རིས་སྣ་ཚོགས་ལ་ཞིབ་གཟིགས་གནང་བར་མ་ཟད་ལས་བྱེད་མི་སྣའི་འགྲེལ་བཤད་ལ་ཞིབ་མོར་ཉན།
གཟིགས་ཞིབ་གནང་སྐབས་ཧུའུ་ཅིན་ཐའོ་ཡིས་གསུངས་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པ་ཚོགས་རྗེས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ཀྱིས་གོ་སྐབས་དམ་འཛིན་དང་འགྲན་རྩོད་ལ་བསུ་བ་བྱས་ཤིང་། དམངས་སེམས་གཅིག་སྒྲིལ། གསར་གཏོད་བརྩོན་ལེན་བྱས་ནས། རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པར་མ་ཟད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་དེ་འཕེལ་རྒྱས་ཀྱི་དུས་སྐབས་གསར་བ་ཞིག་ཏུ་སླེབ་པར་སྐུལ་འདེད་བཏང་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10