ཉིས་སྟོང་བཅུ་གཉིས་ལོའི་སྟོན་ཁའི་སློབ་གྲྭ་ཆེན་མོའི་རིག་གནས་སྒྱུ་རྩལ་དུས་ཆེན་ཟི་ལིང་ནས་སྤེལ་མགོ་བརྩམས་པ།

བཀྲ་ཤིས་འབུམ།    མཚོ་སྔོན་གསར་འགྱུར་དྲ་བ།    2012-10-29

ཉིས་སྟོང་བཅུ་གཉིས་ལོའི་སྟོན་ཁའི་སློབ་གྲྭ་ཆེན་མོའི་རིག་གནས་སྒྱུ་རྩལ་དུས་ཆེན་ཟི་ལིང་ནས་སྤེལ་མགོ་བརྩམས་

པར་འདི་ནི་ཉིས་སྟོང་བཅུ་གཉིས་ལོའི་སྟོན་ཁའི་སློབ་གྲྭ་ཆེན་མོའི་རིག་གནས་སྒྱུ་རྩལ་དུས་ཆེན་སྟེང་རིག་རྩལ་འཁྲབ་སྟོན་བྱེད་པའི་ཚུལ་རེད།

མཚོ་སྔོན་ཞིང་ཆེན་གྱིས་ལོ་རེར་ཐེངས་རེ་སྤེལ་བའི་སློབ་གྲྭ་ཆེན་མོའི་རིག་གནས་སྒྱུ་རྩལ་དུས་ཆེན་ཚེས་ཉེར་བདུན་ཉིན་གྱི་དགོང་མོར་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་དངོས་སུ་སྤེལ་མགོ་བརྩམས།

ཉིན་དེའི་དགོང་མོར་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆེན་མོ་དང་འབྲིང་རིམ་ཆེད་སྦྱོང་སློབ་གྲྭ་བརྒྱད་རྩ་འཛུགས་བྱས་ཏེ“ཚོགས་ཆེན་བཅོ་བརྒྱད་པར་ལེགས་སྐྱེས་འབུལ་ཞིང་ནམ་ཡང་ཏང་གི་རྗེས་སུ་འབྲངས”ཞེས་པ་བརྗོད་བྱ་ཡིན་པའི་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆེན་མོའི་རིག་གནས་སྒྱུ་རྩལ་དུས་ཆེན་སྤེལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུའུ་ཉིན་དང་། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་ཤེས་ལྡན་མི་སྣའི་གཞུང་སྒྲུབ་ཁང་། མཚོ་སྔོན་ཞིང་ཆེན་དཔལ་ཡོན་བྱ་བའི་གཞུང་སྒྲུབ་ཁང་། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་སོགས་ཀྱི་འབྲེལ་ཡོད་མགོ་ཁྲིད་པ། དེ་མིན་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆེན་མོ་དང་འབྲིང་རིམ་ཆེད་སྦྱོང་སློབ་གྲྭ་སོ་སོའི་དགེ་སློབ་མ་བཞི་བརྒྱ་བཅས་དུས་ཆེན་འཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས།

  • ལེ་ཚན་སྔོན་མ།:ཧུའུ་ཅིན་ཐའོ་སོགས་ཀྱིས་“ཚན་རིག་གི་འཕེལ་རྒྱས་དང་འོད་སྟོང་འབར་བའི་གྲུབ་འབྲས”ཞེས་པའི་པར་རིས་འགྲེམ་སྟོན་
  • ལེ་ཚན་རྗེས་མ།:ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་བསུ་བ་ཞུ་བའི་པར་རིས།
  • དོ་སྣང་ཆེ་བའི་རྩོམ།