ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་ས་གནས་ཀྱི་རྒྱུ་ཆའི་ཁེ་ལས་སྐྱེ་ཁམས་སླར་གསོ་བྱེད་པའི་བྱ་བའི་སྐུལ་སློང་ཚོགས་འདུ་ཚོགས་པ།
བདེ་སྐྱིད་འཚོ། མཚོ་སྔོན་གསར་འགྱུར་དྲ་བ། 2012-10-26
མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བ་གནད་འགག་གི་དུས་སྐབས་སུ་བསླེབས་པ་དང་།གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བ་དང་སྐྱེ་ཁམས་སྲུང་སྐྱོབ་བྱ་བའི་འབྲེལ་བ་ཡང་དག་པའི་སྒོ་ནས་ཐག་གཅོད་པ་དང་།ཧུར་ཐག་གིས་སྐྱེ་ཁམས་དང་མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཡུལ་ཤུལ་གསར་བ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་དམིགས་འབེན་མངོན་འགྱུར་བྱེད་པ།ས་གནས་ཀྱི་རྒྱུ་ཆ་ཚད་ལྡན་དུ་གཏོང་ཆེད།ཚེས་ཉེར་གཉིས་ཉིན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་ས་གནས་རྒྱུ་ཆའི་ཁེ་ལས་སྐྱེ་ཁམས་སླར་གསོ་བྱེད་པའི་བྱ་བའི་སྐུལ་སློང་ཚོགས་ཆེན་བསྡུས།ཡུས་ཧྲུའུ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་དམིགས་འབེན་ཡོངས་འགྲུབ་བྱེད་པ་དང་། མཐོ་སྒང་གི་ཉམས་ཞན་དུ་གྱུར་བའི་ཁོར་ཡུག་གི་གནོད་པ་ཇེ་ཉུང་དུ་གཏོང་ཆེད། ཡུལ་ཤུལ་ཁུལ་གྱིས་ཞིང་ཆེན་དང་ཁུལ།རྫོང་བཅས་ཕྱོགས་སོ་སོའི་བསམ་འཆར་བསྡུ་ལེན་བྱས་པའི་རྨང་གཞིའི་སྟེང་།ཐེངས་མང་པོར་བཟོ་བཅོས་དང་འཐུས་ཚང་དུ་བཏང་སྟེ།ཡུལ་ཤུལ་ཁུལ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ས་གནས་རྒྱུ་ཆའི་ཐོན་སྐྱེད་ཁེ་ལས་སྐྱེ་ཁམས་སླར་གསོ་བྱ་བའི་ཇུས་གཞི་གཏན་ལ་ཕབ་པ་མ་ཟད།ཞིང་ཆེན་ཡུལ་ཤུལ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ཡུལ་དངོས་བཀོད་འདོམས་པུའུ་ཡིས་འཐད་པ་བྱུང་བ་ལྟར།ཡུལ་ཤུལ་ཡི་རྫོང་སོ་སོའི་སྲིད་གཞུང་དང་ཁུལ་སྲིད་གཞུང་།སྡེ་ཁག་སོ་སོར་བརྒྱུད་སྤྲོད་བྱས།གྲོས་ཚོགས་ནས་ཡུལ་ཤུལ་ཁུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་ས་གནས་རྒྱུ་ཆའི་ཁེ་ལས་སྐྱེ་ཁམས་སླར་གསོ་བྱ་བ་ཡར་སྐུལ་བྱེད་པ་ནི་ཁུལ་ཡོངས་ཀྱི་ད་ལོ་དང་སང་ལོའི་བྱ་བ་གལ་ཆེན་ཞིག་རེད།ཁུལ་ཡོངས་ཀྱི་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་སྐྱེ་ཁམས་བྱ་བ་མཐོ་རླབས་གསར་བ་ཞིག་ཏུ་མངོན་འགྱུར་དམིགས་འབེན་བྱེད་པའི་ཆེ་ཕྱོགས་དང་འབྲེལ་བ་ཡོད་པ་དང་།ཡུལ་ཤུལ་ཕྱི་ཕྱོགས་ཀྱི་རྣམ་པ་དང་གནས་སྐོར་ཁོར་ཡུག་དང་འབྲེལ་བ་ཡོད།མང་ཚོགས་ཀྱི་སྡོད་ཁུལ་ཁོར་ཡུག་དང་འབྲེལ་བ་ཡོད་པས།འཚོ་བའི་ཆུ་ཚད་དང་བདེ་ཐང་ཆུ་ཚད་དང་འབྲེལ་བ་ཡོད་པས། རིམ་པ་སོ་སོའི་སྲིད་གཞུང་དང་དེ་མིན་འབྲེལ་ཡོད་སྡེ་ཁག་དང་ས་གནས་སོ་སོའི་རྒྱུ་ཆའི་ཁེ་ལས་ཀྱིས་ཆེ་ཕྱོགས་ཀྱི་འདུ་ཤེས་ཆགས་པར་བྱེད་དགོས་པ་དང་། དཀའ་སྤྱད་འབད་འཐབ་དར་སྤེལ་བྱས་ནས། མཛེས་སྡུག་ལྡན་པའི་ཡུལ་ཤུལ་གསར་བ་འཛུགས་སྐྲུན་བྱེད་པར་སྔར་ལས་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན།