དགའ་བདེ་རྫོང་གིས་དགོན་པའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་མ་དངུལ་འབོར་ཆེན་བཏང་བ།

ཚེ་རིང་རྒྱ་མཚོས་བསྒྱུར།    ཀྲུང་གོ་བོད་ཀྱི་དྲ་བ།    2012-10-26

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ད་ལོ་ནས་བཟུང་།  མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གིས་དགོན་པའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཐད་མ་དངུལ་འབོར་ཆེན་བཏང་ནས།  འཆམ་མཐུན་དགོན་སྡེ་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཙུགས།  མིག་སྔའི་བར་སྤྱི་ཚོགས་སྤྱི་སྤྱོད་ཞབས་ཞུ་རྣམ་གྲངས་སོ་སོ་དང་འགྲོ་སོང་ལ་མ་དངུལ་སྒོར་ཁྲི1228.7བཏང་།  དེའི་ནང་གཞུང་ལམ་འཛུགས་སྐྲུན་ཐད་སྒོར་ཁྲི63དང་།  འཐུང་ཆུའི་བཟོ་འགོད་ལ་སྒོར་ཁྲི274།  ཆུ་ལོག་སྔོན་འགོག་ཐད་སྒོར་ཁྲི257། དགོན་སྡེ11ཡི་དགོན་པ་དོ་དམ་ཨུ་ཡོན་ལྷན་ཁང་གི་བྱ་བའི་འགྲོ་སོང་མ་དངུལ་ལོ་རེར་སྒོར་ཁྲི8.6དང་གྲྭ་བཙུན་གྱི་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་ཁྲི3བཅས་བཏང་བ་བརྒྱུད།  ཕན་འབྲས་ཡོད་པའི་སྒོ་ནས་དགོན་སྡེ་ནང་གནས་བའི་དཀའ་ཁག་དང་གནད་དོན་སོ་སོ་ཐག་གཅོད་བྱས།  ། 
  • ལེ་ཚན་སྔོན་མ།:རྒྱལ་ཡོངས་དམངས་ཆེན་གྱི་རྒྱུན་ཨུའི་གྲོས་ཚོགས་སྟེང་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ་སེམས་ཁམས་འཕྲོད་བས
  • ལེ་ཚན་རྗེས་མ།:ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་ས་གནས་ཀྱི་རྒྱུ་ཆའི་ཁེ་ལས་སྐྱེ་ཁམས་སླར་གསོ་བྱེད་པའི་བྱ་བའི་སྐུལ་སླ
  • དོ་སྣང་ཆེ་བའི་རྩོམ།