རྒྱལ་ཡོངས་དམངས་ཆེན་གྱི་རྒྱུན་ཨུའི་གྲོས་ཚོགས་སྟེང་ཚེས་ཉེར་དྲུག་ཉིན་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ་སེམས་ཁམས་འཕྲོད་བསྟེན་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་།བཅའ་ཁྲིམས་གསར་བའི་ནང་དུ་གཉེན་ཉེ་རྩད་མ་ཆོད་པའི་སྤྲང་བོ་དག་གི་སེམས་ཁམས་ལ་སྐྱོན་བྱུང་ན།ས་གནས་དམངས་སྲིད་སོགས་འབྲེལ་ཡོད་སྡེ་ཁག་གིས་འགན་འཁྲིའི་ལས་བགོས་ལྟར།སྨན་བཅོས་ལས་ཁུངས་ལ་བསྐྱལ་ནས་སེམས་ཁམས་ལ་བརྟག་དཔྱད་བྱེད་རོགས་བྱེད་དགོས་པ་གཏན་འཁེལ་བྱས་ཡོད།