རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་ཚོགས་ཆེན་བཅོ་བརྒྱད་པར་ལག་རྟགས་འབུལ་བའི་གློག་བརྙན་ཁག26འོས་སྦྱོར་བྱས་པ།
མི་དམངས་ཉིན་རེའི་ཚགས་པ། 2012-10-25
མི་དམངས་དྲ་བའི་འཕྲིན།རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་དང་གློག་བརྙན་ཅུས་ཀྱིས་གཙོ་གཉེར་བྱས་པའི་བསྟོད་གླུ—ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་བསུ་བར་ཞུ་ཆེད་རང་རྒྱལ་གྱིས་བཏོན་པའི་གཙོ་གནད་གློག་བརྙན་འོས་སྦྱོར་བྱེད་པའི་མཛད་སྒོ་དེ་ཚེས10ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་ཁང་ནང་འཚོགས་ཤིང་།མཛད་སྒོའི་ཐོག《ལྷག་བསམ་དང་རྒྱབ་གཏོད》དང་།《བོད་ཀྱི་ནམ་མཁའ》《ཆར་ཁྲོད་ཀྱི་ལྕང་མ》《ཞུས་ཧའེ་ཕུང་གི་མེ་མདའ》《ལོ་པུཔུ་མཚེའུ་ཡི་སྐྱེ་འཆི》《ནན་ཕིང་གི་ཤིང་ཏོག་ལི་ཀྲི》《གངས་འཁྱག་ཁྲོད་ཀྱི་ཉིན་བཅུ་གཅིག》《སྟག་ཕྲུག་རུ་ཁག》《གངས་རི་དང་རྩྭ་ཐང་ལས་བརྒལ་བ》སོགས་གློག་བརྙན་གསར་པ་ཁག26གཅིག་སྡུད་ཐོག་འོས་སྦྱོར་བྱས་པ་རེད།
《བོད་ཀྱི་ནམ་མཁའ》ཞེས་པའི་གློག་བརྙན་ནང་སྲས་སྐུ་ཞབས་གཅིག་དང་གཡོག་པོ་ཞིག་གི་ལས་དབང་བཀོད་པ་ལས་བོད་ཀྱི་དུས་རབས་ཕྱེད་ཀའི་འཕོ་འགྱུར་ཆེན་པོ་མངོན་པར་བྱས་པ་དང་དེའི་ནང་གི་འཁྲབ་སྟོན་པ་ཚང་མ་བོད་རིགས་འཁྲབ་སྟོན་པ་ཡིན་ཞིང་།གདོད་མའི་རྣམ་པའི་ཐོག་ནས་བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་མི་ཚེ་སོམ་ཉིའི་དྲ་བར་ཚུད་པ་དང་བཅིངས་འགྲོལ་བཏང་རྗེས་བརྟན་སྲུང་བྱེད་པའི་སྐོར་འཁྲབ་སྟེ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱི་ཡར་ལངས་ཞིང་བྲན་རང་ཁྱིམ་རང་བདག་བྱེད་པའི་བརྒྱུད་རིམ་ལ་བསྟོད་གླུ་ཕུལ་ཡོད་པ་རེད།