གྲོང་རྡལ་ཅན་གྱིས་མི་སེར་ལ་འཚོ་བ་དེ་བས་སྐྱིད་པོ་རོལ་དུ་བཅུག

(མིག་དམར་གྱིས་བསྒྱུར།)        2012-10-25

ཚན་རིག་དང་མཐུན་པར་འཕེལ་རྒྱས་གཏོང་བའི་ལོ་བཅུའི་གཡུར་ཟའི་གྲུབ་འབྲས་ཀྱི་ཡ་གྱལ་གཅིག
   ཨ་སྔོན་དབྱིངས་སུ་ཟུག་འདྲའི་ཐོག་བརྩེགས་ཅན་གྱི་ཁང་པ་རེ་རེ་དང་མདུན་ཕྱོགས་སུ་བསྲིངས་པའི་གཞུང་ལམ་སྣོལ་མ་རེ་རེ། མཛེས་རྩལ་མཁན་པོའི་སོན་རྩེ་ལས་ཐོན་པ་ལྟ་བུའི་ཟམ་པ་རེ་རེ་ནི་ལོ་འདི་བཅུའི་རིང་གྲོང་ཁྱེར་དར་རྒྱས་འགྲོ་བའི་མཚོན་ཚུལ་དངོས་གནས་རེད། གྲོང་ཁྱེར་དང་གྲོང་རྡལ་ཅན་ཇེ་མང་དུ་ཕྱིན་ནས་ཞིང་པ་འབོར་ཆེན་ཞིག་གྲོང་རྡལ་ཡུལ་མིར་གྱུར། ལོ10ཡི་རིང་ལ་གྲོང་རྡལ་ཅན་དུ་འགྱུར་ཚད་ཆ་སྙོམས་ལོ་རེར་བརྒྱ་ཆ1.35འཕར་ཞིང་གྲོང་རྡལ་གྱི་མི་འབོར་ལོ་རེའི་ཆ་སྙོམས་མི་ཁྲི2096འཕར་བ་རེད། 2011ལོར་སླེབས་དུས། རྒྱལ་ཡོངས་སུ་གྲོང་རྡལ་ཅན་དུ་གྱུར་བའི་མི་འབོར་དུང་ཕྱུར6.91ལ་བསླེབས་ཤིང་བརྒྱ་ཆ51.27ལ་ཟིན།དེས་ང་ཚོ་གྲོང་གསེབ་ཅན་གྱི་སྤྱི་ཚོགས་གཙོ་བོ་ཡིན་པའི་དུས་རབས་ལས་ཁ་བྲལ་ཏེ། གྲོང་རྡལ་ཅན་གྱི་སྤྱི་ཚོགས་གཙོ་བོ་ཡིན་པའི་དུས་རབས་གསར་པར་འཇུག་བཞིན་པ་དེ་མཚོན་པ་རེད།
      ལོ་འདི10ཡི་རིང་ལ། གྲོང་རྡལ་གྱི་ཕན་ནུས་ཉིན་རེ་བཞིན་འཐུས་སྒོ་ཇེ་ཚང་དུ་སོང་ལ། ཐེག་པའི་ནུས་པ་རིམ་བཞིན་མཐོ་རུ་སོང་ཡོད། སྤྱི་སྤྱོད་རྨང་གཞི་སྒྲིག་ཆས་འགྱུར་ལྡོག་ཆེན་པོ་བྱུང་ནས་འགྲིམ་འགྲུལ་དེ་བས་སྟབས་བདེ་གྱུར་ནས་འགྲོ་འོང་ཐད་དེ་བས་སྟབས་བདེ་བར་གྱུར་དང་འགྱུར་བཞིན་ཡོད་པ་རེད། སྡོད་ཁང་དེ་བས་རྒྱ་ཆེ་ཞིང་གསལ་ཆ་ཆེ་ལ་སྡོད་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་ལེགས་བཅོས་བྱུང་བ་རེད། གླ་ཕོག་མཐོ་ཞིང་འགན་སྲུང་བཟང་ལ་ལས་ཀ་བདེ་བརླིང་གྱུར། 2011ལོར། གྲོང་རྡལ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོད་སྒྲིག་གཏོང་ཆོག་པའི་ཡོང་འབབ་སྒོར21810ཡིན་ཞིང2002ལོ་དང་བསྡུར་ན་ལྡབ1.8འཕར་བ་རེད།
  • ལེ་ཚན་སྔོན་མ།:རྩེ་ཁོག་རྫོང་གི་འབྲོག་པ་ཁྱིམ་ཚང་སྟོང་ལྔ་ཁང་བ་གསར་བའི་ནང་དུ་སྤར་བ།
  • ལེ་ཚན་རྗེས་མ།:རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་ཚོགས་ཆེན་བཅོ་བརྒྱད་པར་ལག་རྟགས་འབུལ་བའི་གློག་བརྙན་ཁ
  • དོ་སྣང་ཆེ་བའི་རྩོམ།