རྩེ་ཁོག་རྫོང་གི་འབྲོག་པ་ཁྱིམ་ཚང་སྟོང་ལྔ་ཁང་བ་གསར་བའི་ནང་དུ་སྤར་བ།

ཞའོ་ཡན།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-10-25

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གིས2009ལོ་ནས་བཟུང་འབྲོག་པའི་གཏན་སྡོད་བཟོ་སྐྲུན་ལག་བསྟར་བྱས་པའི་ཚུན་ལ། ཞིང་ཆེན་དང་རྨ་ལྷོ་ཁུལ་གྱི་འབྲོག་པའི་གཏན་སྡོད་བཟོ་སྐྲུན་ལག་བསྟར་བྱེད་པའི་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་སྒོས་ལག་བསྟར་བྱས་ནས། འཛུགས་སྐྲུན་ལས་འགན་ལྗིད་པ་དང་འཛུགས་སྐྲུན་དུས་ཡུན་ཐུང་བ། འཛུགས་སྐྲུན་ཆ་རྐྱེན་ཞན་པ། འབྲོག་པ་རང་གིས་གྲ་སྒྲིག་བྱེད་པའི་མ་དངུལ་དོན་ཐོག་ཏུ་མི་འཁྱོལ་བ་སོགས་ཀྱི་དཀའ་ཁག་སྣ་ཚོགས་བསལ་ཏེ། མགོ་ཁྲིད་ལ་ཤུགས་སྣོན་པ་དང་། གཅིག་གྱུར་སྒོས་འཆར་འགོད་བྱེད་པ། ནུས་ལྡན་བྱེད་ཐབས་སྤྱོད་པ། བྱ་བ་བཟང་བོར་བསྒྲུབ་པ་བཅས་བྱས་ཤིང་། བཟོ་སྐྲུན་གྱི་སྤུས་ཚད་དང་མྱུར་ཚད་ནན་འཛིན་བྱས་ནས། འབྲོག་པའི་གཏན་སྡོད་བཟོ་སྐྲུན་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས།
ད་ལྟའི་བར་དུ། 2009ལོ་ནས་2010ལོའི་བར་གྱི་ཁྱིམ་ཚང་སྟོང་བཞི་དང་བཞི་བརྒྱ་གྱ་བརྒྱད་འཛུགས་སྐྲུན་བྱེད་པའི་ལས་འགན་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱས་པར་མ་ཟད་ཞིང་ཆེན་རིམ་པའི་ཚད་ལེན་ཞིབ་བཤེར་ཐོབ། 2011ལོར་ཁྱིམ་ཚང་སྟོང་ཉིས་དང་བཞི་བརྒྱ་ཞེ་གསུམ་འཛུགས་སྐྲུན་བྱེད་པའི་ལས་འགན་ནང་ཁྱིམ་ཚང་སྟོང་གཉིས་དང་ཉིས་བརྒྱ་ལྷག་ཡོངས་འགྲུབ་བྱས་ཏེ་ཞིང་ཆེན་རིམ་པའི་ཚད་ལེན་ཞིབ་བཤེར་ལ་ཡར་ཞུ་བྱས། འབྲོག་པ་མང་ཚོགས་རྣམས་མྱུར་དུ་ཁང་བ་གསར་བའི་ནང་དུ་སྤོ་བ་དང་ཁོ་ཚོའི་འཚོ་བར་སྟབས་བདེ་བསྐྲུན་ཆེད། རྩེ་ཁོག་རྫོང་ཆུ་གློག་དང་ཆུ་བེད། འགྲིམ་འགྲུལ་སྡེ་ཁག་བཅས་ཀྱིས་མ་དངུལ་བཏང་སྟེ་ཆུ་དང་གློག ལམ་སོགས་ཆ་ཚང་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་སྟེ། ད་ལྟ་རྫོང་ཡོངས་ཀྱི་འབྲོག་པ་ཁྱིམ་ཚང་སྟོང་ལྔ་ཁང་བ་གསར་བའི་ནང་དུ་སྤར། །

  • ལེ་ཚན་སྔོན་མ།:རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་ཐེབས་རྩ་ཚོགས་པ་བཙུགས་པ།
  • ལེ་ཚན་རྗེས་མ།:གྲོང་རྡལ་ཅན་གྱིས་མི་སེར་ལ་འཚོ་བ་དེ་བས་སྐྱིད་པོ་རོལ་དུ་བཅུག
  • དོ་སྣང་ཆེ་བའི་རྩོམ།