ཞའོ་ཡན། ཞིན་ཧྭ་གསར་འགྱུར་དྲ་བ། 2012-10-25
ཟླ་བཅུ་བའི་ཚེས་ཉེར་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲིག་ཡུང་ཁང་གིས་པེི་ཅིན་ནས་མགོ་འཛིན་བྱས་ཏེ་གྲོས་ཚོགས་བསྡུས་ནས་ཞིན་ཅང་གི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཁོས་ཀྲུང་དབྱང་ཞིན་ཅང་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བློ་བརྟན་འགྱུར་མེད་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། ཞིན་ཅང་མཆོང་སྐྱོད་ཀྱི་འཕེལ་རྒྱས་དང་ཡུན་རིང་བདེ་འཇགས་ཡོང་བར་སྐུལ་འདེད་གཏོང་བ་དང་། དར་རྒྱས་དང་འབྱོར་ཕྱུག འཆམ་མཐུན། བརྟན་འཇགས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཞིན་ཅང་མྱུར་དུ་འཛུགས་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན།ཚོགས་ཐོག་ནས་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། སློབ་གསོ་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། སྤྱི་བདེ་པུའུ། ཀྲུང་དབྱང་དྲིལ་སྒྲོག་པུའུ་བཅས་ཀྱི་འགན་ཁུར་བས་འབྲེལ་ཡོད་བྱ་བ་གཙོ་བོ་བསྒྲུབས་པའི་གནས་ཚུལ་ཡར་ཞུ་བྱས། པེ་ཅིན་དང་ཐེན་ཅིན། ཧྲན་ཞི། ཧྲང་ཧེ། ཅང་སུའུ། ཧྲན་ཏུང་། ཧུའུ་ནན། ཀོང་ཏུང་བཅས་ཞིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་གོ་རྡོ་སྣུམ། རྒྱལ་ཁབ་གློག་དྲ་སོགས་ཀྲུང་དབྱང་ཁེ་ལས་ཀྱི་འགན་ཁུར་བས་སྔ་གཞུག་ཏུ་གཏམ་བཤད།ཀྲིག་ཡུང་ཁང་གིས་གསུང་རྒྱུར། ལོ་གཉིས་ལྷག་གི་རིང་ལ། ཀྲུང་དབྱང་གིས་ཞིན་ཅང་བྱ་བའི་ཐད་ལ་སྟོབས་ཤུགས་ཆེན་པོ་ཕུལ་བ་དང་། གཟིངས་སྐྱོང་སྲིད་ཇུས་རབ་དང་རིམ་པ་གཏན་ལ་ཕབ་པ། མ་དངུལ་མང་པོ་བཏང་བ། འཛུགས་སྐྲུན་ལས་གཞི་མང་པོ་ལག་བསྟར་བྱས་ཏེ། མི་དམངས་མང་ཚོགས་ལ་ཁེ་ཕན་ཆེན་པོ་ཐོབ་པར་མ་ཟད། ཞིན་ཅང་བྱ་བའི་ཐད་ནས་ལོ་རྒྱུས་སྟེང་མེད་པའི་གྲུབ་འབྲས་ཆེན་པོ་བླངས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གནས་བབ་གསར་བའི་འོག་གི་ཞིན་ཅང་བྱ་བའི་སྐོར་གྱི་འཐབ་ཇུས་དང་བཀོད་སྒྲིག་ནི་ཧ་ཅང་ཡང་དག་པ་ཡིན་པ་དང་། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཀྲུང་དབྱང་གི་འཐབ་ཇུས་དང་བཀོད་སྒྲིག་བློ་བརྟན་འགྱུར་མེད་སྒོས་ལག་ལེན་མཐར་བྱས་པ་ལས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་སྒོས་མཚོན་ཡོད་པར་ལག་ལེན་ལས་ར་སྤྲོད་བྱུང་ཟེར།ཀྲིག་ཡུང་ཁང་གིས་ནན་གྱིས་བསྟན་དོན། ཀྲུང་དབྱང་ཞིན་ཅང་བྱ་བའི་བཞུགས་མོལ་ཚོགས་འདུའི་གྲུབ་འབྲས་དང་། ཞིན་ཅང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་གནས་བབ་བཟང་བོ་ནི་ཐོབ་དཀའ་བ་ཞིག་ཡིན་པས། དེ་གཅེས་སྤྲས་བཟང་བོ་བྱས་ནས་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་དགོས། ད་ལྟ། ཞིན་ཅང་གི་ལས་དོན་སྣ་ཚོགས་སྔ་མཐུད་ཕྱི་སྐྱོང་དང་མ་འོངས་གསར་གཏོད་བྱེད་པའི་གནད་འགག་གི་དུས་སུ་བསླེབས་ཡོད་པས། ཚན་རིག་གི་འཕེལ་རྒྱས་ལྟ་བ་ལག་ལེན་མཐར་ཕྱིན་བྱས་ནས། ཉེ་བའི་ལོ་འགའི་རིང་གི་ཞིན་ཅང་བྱ་བའི་ཐད་ཀྱི་ཉམས་མྱོང་བཟང་བོ་དང་ཀུན་སྤྱོད་བཟང་བོ་སྤྱི་སྡོམ་ནན་མོ་བྱས་ཏེ། ཞིན་ཅང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་དང་། ཞིན་ཅང་ཡུན་རིང་བདེ་འཇགས་ཡོང་བའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10