སྒྱུ་རྩལ་བ་ཀརྨ་རྡོ་རྗེ་ཚེ་རིང་ལགས་ཀྱི་མཛེས་རིས་བརྩམས་ཆོས་པེ་ཅིང་དུ་འགྲེམ་སྟོན་བྱས་པ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2012-10-24

སྒྱུ་རྩལ་བ་ཀརྨ་རྡོ་རྗེ་ཚེ་རིང་ལགས་ཀྱི་མཛེས་རིས་བརྩམས་ཆོས་པེ་ཅིང་དུ་འགྲེམ་སྟོན་བྱས་པ།
ཀརྨ་རྡོ་རྗེ་ཚེ་རིང་ལགས་ཀྱི་བརྩམས་ཆོས།

ཀརྨ་རྡོ་རྗེ་ཚེ་རིང་ལགས་ཀྱི་བརྩམས་ཆོས།

  ཟླ10བའི་ཚེས20ཉིན། པེ་ཅིང་རྩྭ་ཡི་ར་བ་སྒྱུ་རྩལ་ཁུལ་དུ་པེ་ཅིང་ཧོས་ཞུ་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་ཟིས་གཙོ་སྒྲུབ་གནང་བའི་བོད་ཀྱི་སྒྱུ་རྩལ་བ་ཀརྨ་རྡོ་རྗེ་ཚེ་རིང་ལགས་ཀྱི་མཛེས་རིས་བརྩམས་ཆོས་འགྲེམ་སྟོན་བྱེད་འགོ་བརྩམས་ཤིང་། ཐེངས་འདིའི་འགྲེམ་སྟོན་ཟླ11པའི་ཚེས25ཉིན་བར་དུ་སྤེལ་རྒྱུ་རེད།
  དཔེ་ཚོགས་ཀྱི་ཇུས་འགོད་པ་ཀརྨ་རྡོ་རྗེ་ཚེ་རིང་ལགས་ནི་ཀྲུང་གོའི་རི་མོ་བའི་མཐུན་ཚོགས་ཀྱི་ཁོངས་མི་དང་མི་རིགས་དཔེ་སྐྲུན་ཁང་གི་མཛེས་རིས་རྩོམ་སྒྲིག་པ་ཡིན་ལ། ཁོང་ཉིད་ཀྱིས་བགྲང་བྱ་ཉི་ཤུའི་རིང་གི་ཇུས་འགོད་ཀྱི་བརྒྱུད་རིམ་ཁྲོད་ཕུལ་དུ་བྱུང་བའི་དཔེ་ཚོགས་ཇུས་འགོད་ཀྱི་བརྩམས་ཆོས་མང་དུ་བྱུང་ཡོད་པར་མ་ཟད། རྒྱལ་ཡོངས་ཀྱི་དཔེ་ཚོགས་ཇུས་འགོད་སྒྱུ་རྩལ་འགྲེམ་སྟོན་སྐབས་དྲུག་པར་ཟངས་ཀྱི་རྟགས་མ་ཐོབ་པ་དང་། རྒྱལ་ཡོངས་ཀྱི་དཔེ་ཚོགས་ཇུས་འགོད་སྒྱུ་རྩལ་འགྲེམ་སྟོན་སྐབས་བདུན་པའི་སྟེང་དཔེ་ཚོགས་ཇུས་འགོད་ཆེས་ལེགས་པའི་བྱ་དགའ་ཐོབ་པ། ཀྲུང་གོའི་པར་སྐྲུན་གྱི་སྲིད་གཞུང་བྱ་དགའ་སྐབས་དང་པོའི་སྟེང་དེབ་གཞིའི་བཟོ་འགོད་ཀྱི་བྱ་དགའ་ཐོབ་པ་སོགས་མང་དུ་མཆིས།

སྒྱུ་རྩལ་བ་ཀརྨ་རྡོ་རྗེ་ཚེ་རིང་ལགས་ཀྱི་མཛེས་རིས་བརྩམས་ཆོས་པེ་ཅིང་དུ་འགྲེམ་སྟོན་བྱས་པ།
ཀརྨ་རྡོ་རྗེ་ཚེ་རིང་ལགས་ཀྱི་བརྩམས་ཆོས།

  ཐེངས་འདིའི་མཛེས་རིས་འགྲེམ་སྟོན་ནི་ཀརྨ་རྡོ་རྗེ་ཚེ་རིང་ལགས་ཀྱི་ཆེད་སྒྲིག་ཤིང་དཔར་འགྲེམ་སྟོན་ཐོག་མ་ཡིན་ཞིང་། ཁོང་གི་བརྩམས་ཆོས《དབྱར་དགུན་སྟོན་དཔྱིད》དང་། 《མཐའ་མེད》། 《ཕུག་རོན་གྱི་ཀ་བ》སོགས་ཀྱིས་ཇུས་འགོད་དང་སྒྱུ་རྩལ་ཟུང་དུ་སྦྲེལ་ནས་མི་དང་རང་བྱུང་ཁམས། ཚེ་སྲོག་དང་དུས་ཚིགས། ཁ་དོག་དང་འཁོར་བ་བཅས་ཀྱི་འབྲེལ་བ་བརྗོད་པ་སོགས་ཁོང་གི་བརྩམས་ཆོས་ལ་བསམ་བློའི་དགོངས་སྙིང་ཟབ་མོ་ལྡན་ཞིང་། དེ་ལས་རི་མོ་བའི་ལྷིང་འཇགས་ཀྱི་སེམས་ཁམས་དང་སྒྱུ་རྩལ་གྱི་འཚོལ་ཞིབ་གསར་བ། སྒྱུ་རྩལ་དང་མཚན་ཉིད་རིག་པའི་དགོངས་པ་སོགས་མངོན་པར་མཚོན་ཡོད་པ་རེད།

  • ལེ་ཚན་སྔོན་མ།:བོད་ཀྱི་གསོ་རིག་ལག་ལེན་གྱི་གསུང་རྩོམ་གྲགས་ཅན་ལེགས་སྒྲིག་ཞིབ་འཇུག་ཅེས་པར་ཞིབ་བཤེར་བྱས།
  • ལེ་ཚན་རྗེས་མ།:ཀྲིག་ཡུང་ཁང་གིས་ཞིན་ཅང་གི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།