བོད་ཀྱི་གསོ་རིག་ལག་ལེན་གྱི་གསུང་རྩོམ་གྲགས་ཅན་ལེགས་སྒྲིག་ཞིབ་འཇུག་ཅེས་པར་ཞིབ་བཤེར་བྱས།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2012-10-24

ཉེ་ལམ། བོད་རང་སྐྱོང་ལྗོངས་བོད་ཀྱི་གསོ་རིག་སྨན་རྫས་ཞིབ་འཇུག་གླིང་གིས་འགན་བཞེས་པའི་བོད་ཀྱི་གསོ་རིག་ལག་ལེན་གྱི་གསུང་རྩོམ་གྲགས་ཅན་ལེགས་སྒྲིག་ཞིབ་འཇུག་ཅེས་པའི་ལས་གཞི་རྣམ་གྲངས་ལ་ཆེད་ལས་མཁས་དབང་ཚོགས་པས་བདེ་བླག་ངང་ཞིབ་བཤེར་རྩིས་ལེན་བྱས།
         ལས་གཞི་རྣམ་གྲངས་འདི་བདེ་བླག་ངང་ལེགས་འགྲུབ་བྱུང་བ་འདིས་ཕྱོགས་ཡོངས་ནས་བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་དང་འཕེལ་རྒྱས་ཡོང་བར་དགེ་མཚན་ཆེན་པོ་བསྐྲུན་པ་མ་ཟད། བོད་ཀྱི་གསོ་བ་རིག་པའི་སློབ་ཁྲིད་དང་ཚན་ཞིབ།  ནད་ཐོག་ལག་ལེན་སོགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བར་དོན་སྙིང་མི་དམན་པ་ལྡན།
         རྒྱུས་ལོན་པ་ལྟར་ན། ལས་གཞི་རྣམ་གྲངས་འདིས་བོད་ཀྱི་གསོ་རིག་ལག་ལེན་གྱི་གསུང་རྩོམ་གྲགས་ཅན་དང་དཔྱད་གཞི་ཡིག་ཆའི་དཀར་ཆག་དང་། མ་ཡིག་གི་རྟོག་དཔྱད་ཞིབ་འཇུག  འཚོལ་བསྡུ། འཚོལ་ཞིབ་སོགས་ཀྱི་བྱ་ལས་སྤེལ་བ་དང་།  གནའ་དཔེ་དཔྱད་ཡིག་གི་སྔར་གྱི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད། དེང་རབས་ཀྱི་ལེགས་སྒྲིག་བྱ་ཐབས་སྤྱད་དེ་གནའ་རབས་དཔྱད་ཡིག་གི་པར་གཞི་དང་དེབ་ཀྱི་ལོ་རབས་ལ་རྟོག་དཔྱད་ར་སྤྲོད་བྱས་པ་དང་།  དབང་གྲགས་བསྟན་བཅོས་གཞིར་བཞག་སྒོས་མ་ཡིག་གི་ནང་དོན་ཞུ་དག་དང་འགྲེལ་བཤད་བྱས་པ་ཡིན།
         འདིར་གནའ་དཔེ་དཔྱད་ཡིག་རྒྱུ་ཆ40ཙམ་ལ་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་ངང་ཞིབ་འཇུག་དང་། ཁྱད་དུ་འཕགས་པའི་བོད་ཀྱི་གསོ་རིག་གཞུང་ལུགས་དང་ལོ་རབས་རིམ་བྱུང་གི་གསོ་རིག་ཆེད་མཁས་པའི་ནད་ཐོག་ལག་ལེན་ཉམས་མྱོང་། དེ་མིན་གསོ་ཐབས་སོགས་འཚོལ་བསྡུ་ལེགས་སྒྲིག་བྱས་ཡོད། 
         བོད་ཀྱི་གསོ་རིག་གི་ཁྱི་སྨྱོན་ནད་བརྟག་གཞུང་ལུགས་ཕྱོགས་བསྡུས་ཞེས་པ་དང་། བོད་ཀྱི་གསོ་རིག་གི་རྒྱུན་སྤྱོད་ལུས་ཁམས་བདེ་སྲུང་སོགས་ཆེད་ལས་ཀྱི་ཡིག་ཚགས་སྐོར་ཞིག་དཔེ་སྐྲུན་བྱས་པ་དང་། ཡིག་འབྲུ་ས་ཡ1ལ་ཉེ་བ་ཡོད།
  • ལེ་ཚན་སྔོན་མ།:ལིས་ཁྲང་ཁྲོན་གྱིས་བྷང་ག་ལཱའི་མི་རིགས་རིང་ལུགས་ཏང་གི་ཀྲུའུ་ཞི་ལ་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:སྒྱུ་རྩལ་བ་ཀརྨ་རྡོ་རྗེ་ཚེ་རིང་ལགས་ཀྱི་མཛེས་རིས་བརྩམས་ཆོས་པེ་ཅིང་དུ་འགྲེམ་སྟོན་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།