ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ནས་དཔལ་འབྱོར་སྲིད་ཇུས་སྐོར་གྱི་ཆ་འཕྲིན་ཆེན་པོ་དྲུག་བསྒྲགས།

གངས་སྐྱིད་དང་མིག་དམར་གཉིས་ཀྱིས་བསྒྱུར།        2012-12-27

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་བ12པའི་ཚེས4ཉིན་གྲོས་ཚོགས་འཚོགས་ཏེ2013ལོའི་དཔལ་འབྱོར་ལས་ཀར་དབྱེ་འབྱེད་དང་ཞིབ་འཇུག་གནང་། ཀྲུང་གོའི་དཔལ་འབྱོར་འཁོར་སྐྱོད་མར་ལྷུང་མཚམས་ཆད་ནས་འཕེལ་འགོ་ཡག་པོའི་གནད་འགག་དུས་རིམ་དུ་ཐེངས་འདིའི་གྲོས་ཚོགས་ནས་སང་ལོ་དཔལ་འབྱོར་སྲིད་ཇུས་སྐོར་གྱི་ཆ་འཕྲིན་གང་འདྲ་ཞིག་བསྒྲགས་ཡོད་དམ།
    ཆ་འཕྲིན་དང་པོ། སྤྱི་ཁོག་གི་དཔལ་འབྱོར་སྲིད་ཇུས་ཀྱི་རྒྱུན་མཐུན་རང་བཞིན་དང་བརྟན་བརླིང་རང་བཞིན་སྲུང་འཛིན་བྱ་རྒྱུ།
    ཟླ་བ9པ་ནས་བཟུང་། དཔལ་འབྱོར་གྱི་གྲངས་ཀ་ཁག་ནས་ཀྲུང་གོའི་དཔལ་འབྱོར་འཁོར་སྐྱོད་མར་ལྷུང་མཚམས་ཆད་ནས་འཕེལ་འགོ་ཡག་པོའི་རྣམ་པ་གསར་པ་ཤར་ཡོད། ལོ་མཇུག་ཏུ་ཁ་ཕྱོགས་འགྱུར་བའི་རང་བཞིན་ལྡན་པའི་འཕོ་འགྱུར་བྱུང་རྗེས་ཕྱི་ཕྱོགས་ཀྱིས་སང་ལོ་ཀྲུང་གོའི་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ཀྱི་འགྲོ་ཕྱོགས་ལ་དོ་སྣང་ཆེན་པོ་བྱས་ཡོད།
    ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཐོག་ནན་གསུང་གནང་དོན། སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་བརླིང་རང་བཞིན་སྲུང་འཛིན་བྱེད་དགོས་ཤིང་། ཤུགས་ཆེན་པོས་དམིགས་སའི་རང་བཞིན་དང་ཕན་ནུས་རང་བཞིན་མཐོ་རུ་གཏོང་དགོས། དུས་ཐོག་དང་ཚད་རན་པོའི་སྒོས་སྒྲིག་སྦྱོར་སྔོན་དཔག་དང་སྒྲིག་སྦྱོར་ཆུང་ཆུང་བྱས་ཏེ་སྲིད་ཇུས་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།
    ཆ་འཕྲིན་གཉིས་པ། ནང་མཁོ་རྒྱ་སྐྱེད་དུ་གཏོང་བ་དང་མ་དངུལ་གཏོང་བའི་ལས་ཀ་གཉིས་མཉམ་སྤེལ་བྱ་རྒྱུ།
    འཛམ་གླིང་གི་དཔལ་འབྱོར་འཁོར་སྐྱོད་མ་ལྷུང་པའི་དུས་ཐུང་ནང་འགྱུར་ལྡོག་བྱེད་དཀའ་བའི་འབྱུང་རྐྱེན་འོག་ཀྲུང་གོ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གཞིགས་འཛིན་ས་དེ་བས་ནང་མཁོ་རྒྱ་སྐྱེད་དུ་གཏང་རྒྱུར་རག་ལས་པ།
    ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཐོག་བསྟན་དོན། ཤུགས་ཆེན་པོས་རྒྱལ་ནང་གི་ནང་མཁོ་རྒྱ་སྐྱེད་དུ་གཏོང་དགོས་ཤིང་། སྐུལ་ཁྲིད་བྱེད་ཤུགས་ཆེ་བའི་འཛད་སྤྱོད་འཕར་སྣོན་ཡོང་ཐབས་གསར་པ་ཚོ་གཅིག་གསོ་སྐྱོང་མགྱོ གས་པོ་བྱེད་དགོས། མ་དངུལ་གཏོང་ཚད་བརྟན་བརླིང་ངང་ཆེ་རུ་ཕྱིན་པ་དང་སྒྲིག་གཞི་བཟང་སྒྲུབ་ཡོང་བར་སྐུལ་འདེད་གཏོང་དགོས།
    ཆ་འཕྲིན་གསུམ་པ། ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་གལ་ཆེའི་ཚན་རྩལ་རྣམ་གྲངས་ལག་ལེན་བསྟར་བར་རོགས་སྐྱོར་བྱ་རྒྱུ།
    མི་ལག་གི་མ་རྩ་ཉིན་རེ་ལས་ཉིན་རེར་མཐོ་རུ་ཕྱིན་ཞིང་། ཐོན་ཁུངས་ཁོར་ཡུག་གིས་འཆུན་འདོམས་བྱེད་ཚད་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་འགྲོ་བའི་གནས་ཚུལ་གསར་པའི་འོག གང་ཞིག་བྱས་ཏེ་ཀྲུང་གོའི་དཔལ་འབྱོར་གྱི་སྲོག་ཤིང་གི་འགྲན་རྩོད་བྱེད་ཤུགས་ཆེ་རུ་གཏང་རྒྱུ་དེ་དུས་ཡུན་རིང་པོར་འཕེལ་རྒྱས་གཏོང་བའི་གཞི་རྩའི་གནད་དོན་དང་འབྲེལ་བ་ཡོད་པ།
    ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཐོག་བླང་བྱ་བསྟན་དོན། ཐོན་ལས་སྒྱུར་བ་དང་རིམ་སྤར་་བྱེད་དགོས་ཤིང་། རང་དབང་གིས་གསར་སྐྲུན་བྱེད་པ་དེ་ཆགས་ཚུལ་སྒྲིག་སྦྱོར་ལ་ཐོན་པའི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས། ཁེ་ལས་ཀྱིས་འགོ་ཁྲིད་བྱས་ཏེ་ཐོན་ལས་དམིགས་ཡུལ་དམིགས་བསལ་ཡིན་པའི་རྒྱལ་ཁབ་ཀྱི་གནད་ཆེ་བའི་ཚན་རྩལ་རྣམ་གྲངས་ལག་བསྟར་བྱ་རྒྱུར་རོགས་སྐྱོར་བྱེད་དགོས། ཐོན་སྐྱེད་ནུས་ཤུགས་ལྷག་པའི་ལས་རིགས་ཟླ་སྒྲིལ་དང་བསྐྱར་འཛུགས་བྱེད་པ་དང་། འཕེལ་རྒྱས་བྱུང་ཚུལ་ཡག་པོའི་ཁེ་ལས་ལ་རྒྱབ་སྐྱོར་བྱེད་པ་དང་བྱུང་ཚུལ་ཞན་པའི་ཁེ་ལས་མེད་པ་བཟོ་བར་སྐུལ་འདེད་གཏོང་དགོས།
    ཆ་འཕྲིན་བཞི་པ། གོ་རིམ་ལྡན་པའི་སྒོས་ཞིང་ལས་ཀྱི་གནས་སྤོ་ཡུལ་མི་གྲོང་ཁྱེར་ཅད་དུ་འགྱུར་བར་སྐུལ་འདེད་གཏང་རྒྱུ།
    ཀྲུང་གོ་དཔལ་འབྱོར་གྱི་འབྱུང་འགྱུར་གྱི་སྒུལ་ཤུགས་ནི་རང་དབང་གིས་གསར་སྐྲུན་བྱེད་པར་རག་ལས་པ། འབྱུང་འགྱུར་གྱི་འཕེལ་ཕྱོགས་ནི་གྲོང་རྡལ་ཅན་དུ་འགྱུར་བ་དེ་རེད། གྲོང་རྡལ་ཅན་དུ་འགྱུར་བའི་བརྒྱ་ཆའི་གྲངས་ཀ་རེ་རེ་་ཡིན་ནའང་མི་གྲངས་སྟོང་ཁྲི་དང་། མ་དངུལ་ཁྲི་དུང་ཕྱུར་གྲངས་མེད་གཏོང་འཇོག་དང་འཛད་སྤྱོད་བྱ་རྒྱུ་དང་འབྲེལ་བ་ཡོད་པ།
    ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཐོག་གསལ་པོར་བསྟན་དོན། ཧུར་ཐག་དང་བརྟན་པོའི་ངང་གྲོང་རྡལ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཤིང་། གྲོང་རྡལ་གྱི་ཕྱོགས་བསྡུས་ཐེག་ནུས་ཇེ་དྲག་ཏུ་གཏོང་དགོས། ས་ཞིང་གྲོན་ཆུང་དང་། ལེགས་བསྡུས་ཞིབ་གཉེར། བེད་སྤྱོད་ཅན་གྱི་ཆུ་ཚད་ཇེ་དྲག་ཏུ་གཏོང་དགོས། གོ་རིམ་ལྡན་པའི་སྒོས་ཞིང་ལས་ཀྱི་གནས་སྤོ་མི་གྲངས་གྲོང་ཁྱེར་ཡུལ་མིར་འགྱུར་བར་སྐུལ་འདེད་གཏོང་དགོས།
    ཆ་འཕྲིན་ལྔ་པ།གཙོ་གནད་ཀྱི་མངའ་ཁོངས་བཅོས་བསྒྱུར་ལ་ཏན་ཏིག་གིས་སྐུལ་སྤེལ་གཏང་རྒྱུ།
    ཀྲུང་གོ་དཔལ་འབྱོར་དེ་འདས་པའི་ལོ30ལྷག་གི་ནང་མགྱོ གས་མྱུར་འཕེལ་རྒྱས་ཡོང་བ་ནི་བཅོས་བསྒྱུར་གྱིས་སྐུལ་སློང་བྱས་པའི་གསོན་ཤུགས་ལ་བརྟེན་ཞིང་། ཀྲུང་གོའི་དཔལ་འབྱོར་གྱི་མ་འོངས་པའི་སྒྲིག་གཞི་ལེགས་སྒྲིག་དང་བྱེད་ལུགས་བསྒྱུར་རྒྱུ་དེ་སྔར་བཞིན་བཅོས་བསྒྱུར་ལ་བརྟེན་ནས་སྒྲིག་གཞི་དང་ནང་རྐྱེན་གྱིས་འགན་ལེན་བྱེད་དགོས།
    ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཐོག་བསྟན་དོན། གཙོ་གནད་ཀྱི་མངའ་ཁོངས་བཅོས་བསྒྱུར་ཏན་ཏིག་གིས་སྐུལ་སྤེལ་བྱས་ཏེ། ཚོང་ཁྲལ་གཞུང་བསྡུ་དེ་གནས་ཐང་འཕར་བའི་དཔྱ་ཁྲལ་གཞུང་བསྡུ་ལ་བསྒྱུར་བའི་ཚོད་ལྟའི་ས་ཁུལ་དང་ལས་རིགས་ཀྱི་གཞི་ཁྱོན་རྒྱ་སྐྱེད་གཏོང་དགོས། ཐོན་ཁུངས་རང་བཞིན་གྱི་ཐོན་རྫས་རིན་གོང་ཆགས་པའི་ནང་རྐྱེན་འཐུས་སྒོ་ཚང་དུ་གཏོང་དགོས། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བཅོས་བསྒྱུར་ཟབ་ཏུ་སྤེལ་ནས་རྒྱལ་དབང་དཔལ་འབྱོར་དང་ཞིང་སྡེ་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་དགོས། ཚན་རྩལ་དང་སློབ་གསོ། རིག་གནས། སྲིད་འཛིན་ཞིབ་བཤེར་ཆོག་མཆན་སོགས་ཁྱབ་ཁོངས་བཅོས་བསྒྱུར་དམ་འཛིན་བྱེད་དགོས་པ་རེད།
    ཆ་འཕྲིན་དྲུག་པ། སྤྱི་ཚོགས་འགན་ལེན་གཅིག་འགྱུར་འཆར་འགོད་ཀྱི་གོ་རིམ་དང་འགན་སྲུང་གི་ཆུ་ཚད་བརྟན་བརླིང་ངང་མཐོ་རུ་གཏང་རྒྱུ།
    དཔལ་འབྱོར་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དམིགས་ཡུལ་དེ་དམངས་འཚོ་འགན་སྲུང་དང་ལེགས་བཅོས་ལ་ཐུག་ཅིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཀྱིས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཤུགས་ཆེན་པོ་གཏོང་དགོས་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་པའི་ལས་ཞུགས་ཞབས་ཞུའི་མ་ལག་འཐུས་ཚང་བཏང་ཞིང་སྤྱི་ཚོགས་འགན་ལེན་གཅིག་འགྱུར་འཆར་འགོད་ཀྱི་གོ་རིམ་དང་འགན་སྲུང་གི་ཆུ་ཚད་བརྟན་བརླིང་ངང་མཐོ་རུ་གཏོང་དགོས། སློབ་གསོ་དང་འཕྲོད་བསྟེན། རིག་གནས་སོགས་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་གཏོང་དགོས། ས་ཁང་བདག་ཁོངས་ཀྱི་ཁྲོམ་ར་ཚོད་འཛིན་དང་སྡོད་ཁང་འགན་ལེན་གྱི་ལས་ཀ་སོགས་ལ་ཤུགས་སྣོན་རྒྱག་དགོས་པ་རེད།
  • ལེ་ཚན་སྔོན་མ།:མཚོ་སྔོན་མགོ་ལོག་གི《གེ་སར》སྒྱུ་རྩལ་པའི་གྲུབ་འབྲས་འགྲེམ་སྟོན་པེ་ཅིན་ནས་ཚོགས་པ།
  • ལེ་ཚན་རྗེས་མ།: མ་རྨོས་ལོ་ཏོག་རང་རྒྱལ་གྱི་འབྲུ་རིགས་ལོ་ཏོག་ཨང་དང་པོར་གྱུར།
  • དོ་སྣང་ཆེ་བའི་རྩོམ།