མ་རྨོས་ལོ་ཏོག་རང་རྒྱལ་གྱི་འབྲུ་རིགས་ལོ་ཏོག་ཨང་དང་པོར་གྱུར།

        2012-12-27

རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཉེ་ཆར་བསྒྲགས་པའི་བསྡོམས་རྩིས་གྲངས་ཀའི་ཐོག་མཚོན་དོན།2012ལོར་རྒྱལ་ཡོངས་འབྲུ་རིགས་སྤྱིའི་ཐོན་ཚད་ནི་ཏུན་ཁྲི58957ཡིན་པ་དེ་ལོ་གོང་མ་ལས་ཏུན་ཁྲི1836འཕར་ནས་བརྒྱ་ཆ3.2འཕར་སྣོན་བྱུང་བ།རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་དེ་བསྟུན་མར་ལོ་དགུའི་རིང་ལོ་ལེགས་བྱུང་བ། འབྲུ་རིགས་ཀྱི་རིགས་ཆེན་པོ་གསུམ་ལ་བལྟས་ན། 2012ལོར་རྒྱལ་ཡོངས་ཀྱི་མ་རྨོས་ལོ་ཏོག་གི་ཐོན་ཚད་ནི་ཏུན་ཁྲི20812ལ་བསླེབས་ཏེ་ཏུན་ཁྲི1534འཕར་སྣོན་བྱུང་ནས་འབྲས་སོབ་ཀྱི་ཐོན་ཚད་ལས་ཏུན་ཁྲི383བརྒལ་ནས་རང་རྒྱལ་གྱི་འབྲུ་རིགས་ལོ་ཏོག་གི་རིགས་དང་པོར་གྱུར་ཡོད།
  • ལེ་ཚན་སྔོན་མ།: ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ནས་དཔལ་འབྱོར་སྲིད་ཇུས་སྐོར་གྱི་ཆ་འཕྲིན་ཆེན་པོ་དྲུག་བསྒྲགས།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱི་བོད་སྨན་བྱ་གཞག་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་འགྲོ་བཞིན་པ།
  • དོ་སྣང་ཆེ་བའི་རྩོམ།