མཚོ་སྔོན་མགོ་ལོག་གི《གེ་སར》སྒྱུ་རྩལ་པའི་གྲུབ་འབྲས་འགྲེམ་སྟོན་པེ་ཅིན་ནས་ཚོགས་པ།

    ཞིན་ཧྭ་དྲ་བ།    2012-12-27

མཚོ་སྔོན་མགོ་ལོག་གི《གེ་སར》སྒྱུ་རྩལ་པའི་གྲུབ་འབྲས་འགྲེམ་སྟོན་པེ་ཅིན་ནས་ཚོགས་པ།
 

ཟླ12པའི་ཚེས23ཉིན། སྒྱུ་རྩལ་པ་ཞིག་གིས་འགྲེམ་སྟོན་འགོ་རྩོམ་མཛད་སྒོའི་སྟེང་གེ་སར་སྒྲུང་བཤད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས23ཉིན། “མེ་ལོང་གི་གསང་བ་ལས་བྱུང་བའི《གེ་སར》སྒྲུང་གི་སྒྱུ་རྩལ”ཞེས་པའི་མཚོ་སྔོན་མགོ་ལོག《གེ་སར》སྒྱུ་རྩལ་པའི་གྲུབ་འབྲས་འགྲེམ་སྟོན་པེ་ཅིན་གྲོང་ཁྱེར་གྱི་བོད་ལྗོངས་ཐོག་ཁང་ཆེན་མོ་ནས་གཟབ་རྒྱས་ངང་ཚོགས། འགྲེམ་སྟོན་སྟེང་བསྡོམས་པས་པར་རིས་བརྩམས་ཆོས120ལྷག་དང་མི་རིགས་གྱོན་ཆས18ལྷག་འགྲེམ་སྟོན་བྱས་ཏེ། 《གེ་སར》སྒྲུང་ལས་བརྗོད་པའི་མི་སྣའི་གཏམ་རྒྱུད་དང་འཚོ་བའི་ལག་ཅ། གྱོན་གོས་རྒྱན་ཆས་སོགས་མངོན་པར་མཚོན་ཡོད། 《གེ་སར》སྒྲུང་ནི་རང་རྒྱལ་གྱི་བོད་རིགས་དང་སོག་རིགས་ཁྲོད་དར་ཁྱབ་ཆེ་བའི་ལོ་རྒྱུས་སྙན་རྩོམ་རིང་མོ་ཞིག་ཡིན། 2009ལོར《གེ་སར》ལོ་རྒྱུས་སྙན་རྩོམ་སྲོལ་རྒྱུན་དེ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་བརྩམས་ཆོས་མིང་མཛོད་ཁྲོད་བདམས་ཡོད། །  

མཚོ་སྔོན་མགོ་ལོག་གི《གེ་སར》སྒྱུ་རྩལ་པའི་གྲུབ་འབྲས་འགྲེམ་སྟོན་པེ་ཅིན་ནས་ཚོགས་པ།

ཟླ12པའི་ཚེས23ཉིན། ལྟད་མོ་བས་འགྲེམ་སྟོན་སྟེང་བརྩམས་ཆོས་པར་ལེན་བཞིན་པ།

མཚོ་སྔོན་མགོ་ལོག་གི《གེ་སར》སྒྱུ་རྩལ་པའི་གྲུབ་འབྲས་འགྲེམ་སྟོན་པེ་ཅིན་ནས་ཚོགས་པ།

ཟླ12པའི་ཚེས23ཉིན། 《གེ་སར》སྒྲུང་ལས་ཞིབ་བརྗོད་བྱས་པའི་མི་རིགས་སྲོལ་རྒྱུན་རྒྱན་གོས་འགྲེམ་སྟོན་བྱེད་བཞིན་པ།


 

  • ལེ་ཚན་སྔོན་མ།:སྦྲ་ནག་རིག་གནས་སྒྱུ་རྩལ་ཚོགས་པའི་གློག་བརྙན་ཟབ་སྦྱོང་འཛིན་གྲྭ
  • ལེ་ཚན་རྗེས་མ།: ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ནས་དཔལ་འབྱོར་སྲིད་ཇུས་སྐོར་གྱི་ཆ་འཕྲིན་ཆེན་པོ་དྲུག་བསྒྲགས།
  • དོ་སྣང་ཆེ་བའི་རྩོམ།