སྐབས་གསུམ་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་གནང་བའི་མཛད་སྒོ་ཟི་ལིང་དུ་བསྡུས་པ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2012-12-27

སྐབས་གསུམ་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་གནང་བའི་མཛད་སྒོ་ཟི་ལིང་དུ་བསྡུས་པ།
སྐབས་གསུམ་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་གནང་བ།

        ཟླ12པའི་ཚེས22ཉིན། རྒྱལ་ཡོངས་སྐབས་གསུམ་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་གནང་བའི་མཛད་ སྒོ་ཟི་ལིང་དུ་བསྡུས་ཤིང་། དེར་མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་འགོ་གཙོ་མེ་སྒྲོན་དང་། མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་གཙོ་སེ་ཆིན་ཧྥུ། མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་འགོ་གཙོ་གཞོན་པ་ནོར་བུ་རིན་ཆེན།  གངས་རྒྱན་མེ་ཏོག་གི་གཙོ་སྒྲིག་གཞོན་པ་ཚེ་འབར་དང་མགོན་པོ་དོན་གྲུབ། དཔྱད་འདེམས་པ་དཔའ་རྩེ་དང་མཚོ་སྐྱེས་སོགས།  སྒྲུང་གཏམ་རྩོམ་པ་པོ་སྟག་འབུམ་རྒྱལ་དང་ཚེ་རིང་དོན་གྲུབ། སྒྱུ་རྩལ་པ་སྨན་བླ་སྐྱབས་དང་ཞི་བདེ་ཉི་མ། དེ་མིན་འབྲོང་སོགས་རྩོམ་པ་པོ་དང་སློབ་ཆེན་སློབ་མ་སོགས་ཐེངས་འདིའི་ཚོགས་འདུར་ཞུགས། གངས་རྒྱན་མེ་ཏོག་རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་འཕགས་པ་ཐར་གྱིས་ཚོགས་འདུ་ལ་མདོ་འཛིན་མཛད།
        ཚོགས་འདུ་རུ་ཐེངས་འདིར་བྱ་དགའ་ཐོབ་མཁན་བདུད་ལྷ་རྒྱལ་དང་། བྱ་གཞུང་དབྱངས་བྷ། འཆི་མེད། གེ་སར། སྤེན་པ་བཀྲ་ཤིས་བཅས་ལ་མི་རེར་བྱ་དགའི་རྟགས་མ་དང་སྒོར་སུམ་སྟོང་གི་བྱ་དགའ་གནང་ཞིང་།  མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་འགོ་གཙོ་མེ་སྒྲོན་གྱིས་གངས་རྒྱན་མེ་ཏོག་རྩོམ་སྒྲིག་ཁང་གི་ཉེ་བའི་ལོ་འགའི་རིང་གི་བྱ་བར་གདེང་འཇོག་ལེགས་པོ་གནང་བ་དང་། བྱ་དགའ་ཐོབ་མཁན་དག་ལ་དགའ་སྤྲོའི་རྟེན་འབྲེལ་ཞུས་པ་རེད།

རྒྱལ་ཡོངས་སྐབས་གསུམ་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་ཐོབ་པའི་རྩོམ་པ་པོ་དང་བརྩམས་ཆོས།

སྐབས་གསུམ་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་གནང་བའི་མཛད་སྒོ་ཟི་ལིང་དུ་བསྡུས་པ།


 

  • ལེ་ཚན་སྔོན་མ།:གཞིས་རྩེའི་ཧྲང་ཧེ་ཚོད་ལྟའི་མཐོ་འབྲིང་གིས་སྙན་ངག་གྱེར་འདོན་གྱི་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:སྦྲ་ནག་རིག་གནས་སྒྱུ་རྩལ་ཚོགས་པའི་གློག་བརྙན་ཟབ་སྦྱོང་འཛིན་གྲྭ
  • དོ་སྣང་ཆེ་བའི་རྩོམ།