བོད་ལྗོངས་ཀྱིས་ཕྱོགས་ཡོངས་ནས་རོང་འབྲོག་པ་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱ་རྒྱུ་རེད།

        2012-10-08

བོད་ལྗོངས་ཀྱིས་ཕྱོགས་ཡོངས་ནས་རོང་འབྲོག་པ་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱ་རྒྱུ་རེད།
 ཟླ9བའི་ཚེས25ཉིན།  གསར་འགོད་པས་བོད་ལྗོངས་ཀྱི་ཆུ་བེད་བྱ་བའི་གྲོས་ཚོགས་སྟེང་རྒྱུས་ལོན་པ་ལྟར་ན།  2015ལོའི་བར་བོད་ལྗོངས་ཀྱིས་རྐང་འཛིན་ཆུ་བེད་བཟོ་སྐྲུན་སྐོར་ཞིག་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་དང་།  འཐུང་ཆུ་འདོན་སྤྲོད་བྱེད་ནུས་པའི་བཟོ་སྐྲུན་གསར་བ་རྒྱ་དཔང་གྲུ་བཞི་མ་སྨི་དུང་ཕྱུར7འཛུགས་སྐྲུན་བྱས་ཏེ།  ཕྱོགས་ཡོངས་ནས་རོང་འབྲོག་པ་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱ་རྒྱུ་རེད། 

རྒྱུས་ལོན་པ་ལྟར་ན། “ལོ་ལྔ་ཚན་བཅུ་གཅིག” སྐབས་སུ།  བོད་ལྗོངས་ཀྱིས་ཆུ་བེད་འཛུགས་སྐྲུན་བྱ་གཞག་སྟེང་མ་དངུལ་གཏོང་བའི་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་ཞིང་།  བསྡོམས་པས་སྒོར་དུང་ཕྱུར102.24བཏང་ནས།  རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་འགྲོ་བཞིན་ཡོད་ལ་རིགས་མི་འདྲ་བའི་ཆུ་མཛོད74དང་།  ཞིང་སྡེའི་འཐུང་ཆུའི་བདེ་འཇགས་བཟོ་སྐྲུན་ཁྲི2.5བཅས་འཛུགས་སྐྲུན་བྱས་པ་བརྒྱུད། རོང་འབྲོག་པ་མང་ཚོགས་ཁྲི173གྱི་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་པ་རེད། 


 

  • ལེ་ཚན་སྔོན་མ།:དམངས་ཁྲོད་སྒྱུ་རྩལ་པ་མི40རིག་གནས་ནུས་རྩལ་ལག་རྩལ་གསོ་སྦྱོང་འཛིན་གྲྭ་ལ་ཞུགས་པ།
  • ལེ་ཚན་རྗེས་མ།:2012ལོའི་རྒྱལ་སྤྱིའི་རྟ་རྒྱུག་འགྲན་ཚོགས་སྟེང་བོད་ཀྱི་འགྲན་ཞུགས་པ་སྤེན་པ་ཚེ་རིང་གིས་ཨང་གཉིས་པ་བླངས་པ།
  • དོ་སྣང་ཆེ་བའི་རྩོམ།