མཚོ་སྔོན་པོ་དྲ་བ། 2012-10-08
འགྲན་སྡུར་སྤེལ་བཞིན་པའི་ཡུལ་དངོས།
བྱ་དགའ་ཐོབ་པའི་འགྲན་ཞུགས་པ་རྣམས་མཉམ་དུ་པར་སྐྱོན་པ།
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས3ཉིན། 2012ལོའི་རྒྱལ་སྤྱིའི་རྟ་རྒྱུག་མཉམ་འབྲེལ་ཚོགས་པའི་ཆོད་བཅད་རྒྱུག་རའི་འཛམ་གླིང་རྟགས་མའི་ཀྲུང་གོའི་མཉམ་འབྲེལ་འགྲན་ཚོགས་ཀྱི་ས་ཚིགས་གཉིས་པ་པེ་ཅིང་དུ་མཇུག་བསྡུས་པ་རེད། ཐེངས་འདིའི་རྟ་རྒྱུག་འགྲན་ཚོགས་སྟེང་ཀྲུང་གོའི་འགྲན་ཞུགས་པ་སྤེན་པ་ཚེ་རིང་ལགས་ཀྱིས་ཨང་གཉིས་པ་བླངས་ཤིང་། ཨར་ལཱན་གྱི་འགྲན་ཞུགས་པCIAN O’CONNOR ཡིས་ཨང་དང་པོ་དང་། ཧི་ལཱན་གྱི་འགྲན་ཞུགས་པEDWIN SMITSཡིས་ཨང་གསུམ་པ་བླངས་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན2012ལོའི་རྒྱལ་སྤྱིའི་རྟ་རྒྱུག་མཉམ་འབྲེལ་ཚོགས་པའི་ཆོད་བཅད་རྒྱུག་རའི་འཛམ་གླིང་རྟགས་མའི་ཀྲུང་གོའི་མཉམ་འབྲེལ་འགྲན་ཚོགས་དེ་ཁྲིན་ཏུའུ་ལ་སྤར་ནས་ཟླ10བའི་ཚེས13ཉིན་དང་ཚེས14ཉིན་མུ་མཐུད་དུ་རྒྱལ་སྤྱིའི་ཆུ་ཚད་ལྡན་པའི་རྟ་རྒྱུག་འགྲན་སྡུར་དེ་སྤེལ་རྒྱུ་རེད།
འགྲན་ཞུགས་པ་རྣམས་ཀྱིས་བཤད་རྒྱུར། རྒྱལ་སྤྱིའི་རྟ་རྒྱུག་མཉམ་འབྲེལ་ཚོགས་པའི་ཆོད་བཅད་རྒྱུག་རའི་འཛམ་གླིང་རྟགས་མའི་ཀྲུང་གོའི་མཉམ་འབྲེལ་འགྲན་ཚོགས་ནི་ཀྲུང་གོའི་རྟ་རྒྱུག་འགྲན་རྩལ་དང་རྒྱལ་སྤྱིའི་རྟ་རྒྱུག་འགྲན་རྩལ་ཕན་ཚུན་བརྗེ་རེས་བྱེད་པའི་སྟེགས་བུ་ཞིག་ཡིན་གཤིས། ཀྲུང་གོའི་རྟ་རྒྱུག་འགྲན་རྩལ་གྱི་མ་འོངས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་དང་མཉམ་དུ། ཐེངས་འདིའི་འགྲན་སྡུར་བརྒྱུད་ནས་ཀྲུང་གོའི་རྟ་རྒྱུག་འགྲན་རྩལ་གྱི་མ་འོངས་མདུན་ལམ་ཡངས་ཤིང་རྒྱ་ཆེ་བར་ཡིད་ཆེས་བརྟན་པོ་ཡོད་ཅེས་བརྗོད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10