མཚོ་སྔོན་ཞིང་ཆེན་གྱིས་ལུས་རྩལ་སྦྱོང་བརྡར་སྒྲིག་ཆས་དགོན་པར་སྟེར་བའི་བྱ་འགུལ་སྤེལ་མགོ་བརྩམས་པ།

བསོད་ནམས་ལྷ་མོ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-09-25

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དང་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་བཅས་ཀྱིས་གཙོ་བསྒྲུབས་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་སྦྱོང་བརྡར་སྒྲིག་ཆས་དགོན་པར་སྟེར་བའི་བྱ་འགུལ་ཟི་ལིང་ནས་སྤེལ། ཐེངས་འདིའི་བྱ་འགུལ་ལ་རྒྱལ་ཁབ་ལུས་རྩལ་ཅུའུ་དང་ཞིང་ཆེན་སྲིད་གཞུང་གིས་ཤུགས་ཆེན་པོས་རྒྱབ་སྐྱོར་ཐོབ་སྟེ་མ་དངུལ་སྒོར་ཁྲི1110འདུས་པ་དང་། དེའི་ནང་རྒྱལ་ཁབ་ལུས་རྩལ་ཅུའུ་ཡིས་སྒོར་ཁྲི710། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་སྒོར་ཁྲི400འདུས། ད་ལོའི་ལོ་སྨད་དུ་ལུས་རྩལ་སྦྱོང་བརྡར་སྒྲིག་ཆས་དེ་དག་སྐོར་ཐེངས་གཉིས་བྱས་ནས་མཚོ་སྔོན་གྱི་གྲྭ་བཙུན་རྒྱུན་སྡོད་བྱེད་པའི་བོད་རྒྱུད་ནང་བསྟན་དགོན་པ565དང་དབྱི་སི་ལན་གྱི་དགོན་པ10ལ་སྟེར་རྒྱུ་རེད། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ཅན་མེན་མཛད་སྒོར་ཞུགས་པ་མ་ཟད། བྱ་འགུལ་དེ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས། ཁུལ་དྲུག་དང་ས་ཁུལ་གཅིག གྲོང་ཁྱེར་གཅིག་བཅས་ཀྱི་དགོན་པའིའཐུས་མིས་ཞལ་འདེབས་སུ་ཕུལ་བའི་དངོས་པོ་དང་ལེན་བྱས།

ཐེངས་འདིའི་བྱ་འགུལ་སྤེལ་བ་དེས་གྲྭ་བཙུན་རྒྱུན་སྡོད་བྱེད་པའི་བོད་རྒྱུད་ནང་བསྟན་དགོན་པར་ལུས་རྩལ་སྦྱོར་བརྡར་སྒྲིག་ཆས་ཀྱིས་ཁེབས་ཚད་བརྒྱ་ཆའི་བརྒྱ་ལ་བསླེབ་པར་བྱས་ཏེ། མཚོ་སྔོན་གྱི་དགོན་སྡེ་ཁག་གིས་ལུས་རྩལ་སྦྱོར་བརྡར་སྒྲིག་ཆས་ཀྱི་ཆ་རྐྱེན་ཆེས་ཆེར་ཇེ་ལེགས་སུ་བཏང་ཞིང་། རྒྱ་ཆེའི་གྲྭ་བཙུན་རྣམས་ལ་ངོ་བོ་རང་བཞིན་གྱི་ལུས་རྩལ་སྦྱོང་བརྡར་བྱེད་པའི་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་། རོང་འབྲོག་ཁུལ་དང་ཡང་ན་ཞིང་ཆེན་ཡོངས་་ཀྱི་དམངས་ཡོངས་ཀྱིས་ལུས་རྩལ་སྦྱོར་བརྡར་བྱེད་པའི་བྱ་འགུལ་ལ་ཡར་སྐུལ་བྱེད་ཐུབ། །

  • ལེ་ཚན་སྔོན་མ།:ཀྲུང་དབྱང་ནོར་སྲིད་ཀྱིས་ཆུ་ལོག་སྔོན་འགོག་ཐད་མ་དངུལ་སྒོར་དུང་ཕྱུར77.8བཏང།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་ཀྱི་ནགས་ལས་ཚན་རྩལ་ཚོགས་ཆེན་པེ་ཅིན་ནས་ཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།