ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ9པའི་ཚེས19ཉིན་འབྱོར་བའི་གཏམ་གསར། རྒྱལ་ཁབ་ཆུ་ལོག་སྔོན་འགོག་སྤྱི་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་ཀྲུང་དབྱང་ནོར་སྲིད་ཀྱིས་ཆུ་ལོག་གནོད་སྐྱོན་སྔོན་འགོག་ལ་མ་དངུལ་གཏོང་འཇོག་བྱེད་ཚད་ཆེ་རུ་བཏང་ཡོད། མིག་སྔར། ཆུ་ལོག་སྔོན་འགོག་གི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར77.8བཏང་སྟེ་ཆུ་ལོག་སྔོན་འགོག་ཡག་པོ་བྱས་ཐུབ་ཡོད།
2010ལོའི་ཟླ་བ11པར་ནས་བཟུང་། ཆུ་བེད་པུའུ་ཡིས་ནོར་སྲིད་པུའུ་དང་། རྒྱལ་ས་ཐོན་ཁུངས་པུའུ། ཀྲུང་གོ་གནམ་གཤིས་ཅུས་བཅས་དང་མཉམ་དུ་རྒྱལ་ཡོངས་ཀྱི་ཆུ་ལོག་གནོད་སྐྱོན་ལ་སྔོན་འགོག་བྱ་རྒྱུའི་མ་ལག་འཛུགས་འགོ་བཙུགས་ཏེ་ལོ3གྱི་རིང་ལ་རྒྱལ་ཡོངས་ཀྱི་ཆུ་ལོག་གནོད་སྐྱོན་སྔོན་འགོག་ས་ཁུལ་ཡོངས་ལ་ཁྱབ་པའི་ཨར་ལས་མིན་པའི་བྱེད་ཐབས་མ་ལག་ཐོག་མར་འགྲུབ་པའི་འཆར་གཞི་བཞག མིག་སྔར་གྱི་བར་དུ། ཀྲུང་དབྱང་ནོར་སྲིད་ཀྱིས་སྔར་རྗེས་སུ་འོག་རིམ་ལ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར77.8བཏང་སྟེ། རྒྱལ་ཡོངས་སུ་ཆུ་ལོག་གནོད་སྐྱོན་ལ་སྔོན་འགོག་ལས་འགན་ཡོད་པའི་རྫོང2058ལ་ཀྲུང་དབྱང་གིས་བཏང་བའི་ཁ་གསབ་རོགས་དངུལ་ཚང་མ་ལག་ཐོག་རག་ཡོད།