བོད་ལྗོངས་ཀྱི་རྩོམ་པ་པོ་གཉིས་ལ་རྟ་མཆོག་བྱ་དགའ་ཐོབ་པ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2012-09-24

 ཟླ9བའི་ཚེས19ཉིན། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་གཙོ་སྒྲུབ་གནང་བའི་སྐབས་བཅུ་བའི་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི་རྟ་མཆོག་བྱ་དགའ་གནང་བའི་མཛད་སྒོ་རྒྱལ་ཁབ་ཀྱི་ཟློས་གར་ཁང་ཆེན་མོ་རུ་བསྡུས་པ་རེད། བོད་ལྗོངས་ཀྱི་རྩོམ་པ་པོ་ཕུན་ཚོགས་བཀྲ་ཤིས་ལགས་ཀྱི་ལྷུག་རྩོམ་གཅེས་བསྡུས《བོད་ལྗོངས་ཀྱི་སྲོལ་ལུགས》ཞེས་པ་དང་། དབྱིངས་ས་ནོར་བུ་ཚེ་རིང་ལགས་ཀྱི་སྙན་ཞུ་རྩོམ་རིག《བོད་ལྗོངས་ཀྱི་བྱིས་པ》ཞེས་པར་རྟ་མཆོག་བྱ་དགའ་ཐོབ་པ་རེད།
              རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི་རྟ་མཆོག་བྱ་དགའ་ནི་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་དང་། རྒྱལ་ཁབ་ཀྱི་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་གནང་བའི་རྒྱལ་ཁབ་རིམ་པའི་རྩོམ་རིག་བྱ་དགའ་ཞིག་ཡིན། ཐེངས་འདིའི་རྟ་མཆོག་བྱ་དགའི་ཁྲོད་ཁྱོན་སྡོམ་བརྩམས་ཆོས235ཡོད་ཅིང་། དཔྱད་འདེམས་རབས་དང་རིམ་པ་བྱས་མཐར་བརྩམས་ཆོས25དང་ལོ་ཙཱ་བ4ལ་བྱ་དགའ་ཐོབ་པ་རེད།
  • ལེ་ཚན་སྔོན་མ།:ལིས་ཁི་ཆཱང་གིས་ཨ་མེ་རུ་ཁའི་མགྲོན་པོར་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:ཀྲུང་དབྱང་ནོར་སྲིད་ཀྱིས་ཆུ་ལོག་སྔོན་འགོག་ཐད་མ་དངུལ་སྒོར་དུང་ཕྱུར77.8བཏང།
  • དོ་སྣང་ཆེ་བའི་རྩོམ།