རྒྱལ་ཡོངས་ཞིང་བའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པ་ནན་དབྱང་ནས་ཚོགས་མགོ་ཚུགས་པ།

ཀླུ་འབུམ་བྱམས།    ཞིན་ཧྭ་གསར་འགྱུར་དྲ་བ།    2012-09-17

རྒྱལ་ཡོངས་ཀྱི་ས་གནས་ཀུན་ཏུ་དགའ་བ་དང་བཅས་ཏེ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོགས་པར་བསུ་བ་བྱེད་པ་དང་། དབྱར་འབྲུ་བསྟུད་མར་ལོ་དགུ་ལ་ཐོན་འཕར་བྱུང་བ་དང་། སྟོན་འབྲུ་ལ་ལོ་ལེགས་འབྱུང་བར་རེ་བ་ཡོད་པའི་སྐབས་འདིར། རྒྱལ་ཡོངས་ཞིང་བའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པ་དེ་ཟླ་དགུ་བའི་ཚེས་བཅུ་དྲུག་ཉིན་ཧི་ནན་ནན་དབྱང་ནས་གཟབ་རྒྱས་ངང་ཚོགས་མགོ་ཚུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོས་ལེང་ཡུས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་ཏེ་ཞིང་བའི་ལུས་རྩལ་འགྲན་ཚོགས་ཚོགས་མགོ་བརྩམས་པ་བསྒྲགས།

ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་རིག་གནས་སྒྲིག་སྲོལ་བཅོས་སྒྱུར་ཟབ་མོ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ཆེན་པོ་འབྱུང་བར་ཡར་སྐུལ་གཏོང་བའི་གནད་དོན་འགངས་ཆེན་འགའི་སྐོར་གྱི་ཆོད་དོན་ཞེས་པར་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཆེན་པོ་དེའི་འོག་ཏུ་ཚོགས་པའི་སྐབས་འདིའི་རྒྱལ་ཡོངས་ཞིང་བའི་ལུས་རྩལ་འགྲན་ཚོགས་དེ། ཞིང་སྡེའི་སྤྱི་པའི་རིག་གནས་ཞབས་ཕྱིའི་མ་ལག་འཛུགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་བསྐྲུན་པ། ཞིང་སྡེའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ལས་དོན་སྣ་ཚོགས་མཚོ་མོ་རྒྱས་པ་བཞིན་གོང་དུ་འཕེལ་བར་དོན་སྙིང་ཆེན་པོ་ལྡན།

མི་སོ་དགུ་ལས་གྲུབ་པའི་ཐའེ་ཝན་ཞིང་ཆེན་ཞིང་བའི་ལུས་རྩལ་འཐུས་ཚབ་ཚོགས་པ་དང་བཅས་པའི་བསྡོམས་པས་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་འཐས་ཚབ་ཚོགས་པ་སོ་གཉིས་ཀྱི་ལུས་རྩལ་པ་སྟོང་གསུམ་ལྷག་སྐབས་འདིའི་ཞིང་བའི་ལུས་རྩལ་འགྲན་ཚོགས་ལ་ཞུགས།

ལུས་རྩལ་པ་དང་ཤན་འབྱེད་པས་དམ་བཅས་རྗེས། ཧོས་ལེང་ཡུས་ཀྱིས་སྐབས་འདིའི་ཞིང་བའི་ལུས་རྩལ་འགྲན་ཚོགས་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།

སྐབས་འདིའི་ཞིང་བའི་ལུས་རྩལ་འགྲན་ཚོགས་གྱི་འགྲན་སྡུར་ལ་བསྡོམས་པས་མཆོང་རྒྱུག་འཕེན་གསུམ་དང་། ཕེན་ཕང་ལྒང་ལི། རྐྱལ་རྩལ། ཀྲུང་གོའི་འཇུ་རེས། མིག་མངས། ལྕགས་རྟ། ལྗིད་འདེགས། དྲག་རྩལ། འབྲུག་གྲུ། འབྲུག་རྩེད་དང་སེང་རྩེད་སོགས་རྣམ་གྲངས་ཆེན་པོ་བཅོ་ལྔ་དང་རྣམ་གྲངས་ཆུང་བ་བརྒྱ་དང་གོ་བརྒྱད་དུ་དབྱེ་ཡོད། སྐབས་འདིའི་ཞིང་བའི་ལུས་རྩལ་འགྲན་ཚོགས་དེ་ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན་མཇུག་བསྡུ་རྒྱུ་རེད།

  • ལེ་ཚན་སྔོན་མ།:ཀྲུང་གོའི་གསར་འགྱུར་ཁང་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་རྗེས་དྲན་ཚོགས་ཆེན་པེ་ཅིན་དུ་བསྡུས་པ།
  • ལེ་ཚན་རྗེས་མ།:2012ལོའི་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་གླེང་སྟེགས་ཟི་ལིང་དུ་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།