2012ལོའི་བོད་ལྗོངས་ཀྱི་མདའ་འཕེན་འཇུ་རེས་མཆོང་རྒྱུག་འགྲན་སྡུར་ལྷོ་ཁ་ནས་འགོ་བརྩམས་པ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2012-09-17

2012ལོའི་བོད་ལྗོངས་ཀྱི་མདའ་འཕེན་འཇུ་རེས་མཆོང་རྒྱུག་འགྲན་སྡུར་ལྷོ་ཁ་ནས་འགོ་བརྩམས་པ།
འགོ་རྩོམ་མཛད་སྒོའི་ཡུལ་དངོས།2012ལོའི་བོད་ལྗོངས་ཀྱི་མདའ་འཕེན་འཇུ་རེས་མཆོང་རྒྱུག་འགྲན་སྡུར་ལྷོ་ཁ་ནས་འགོ་བརྩམས་པ།




མི་སྟོང་ལས་གྲུབ་པའི་རླུང་འཕྲིན་ལུས་སྦྱོང་།

  ཟླ9བའི་ཚེས13ཉིན། 2012ལོའི་བོད་ལྗོངས་ཀྱི་མདའ་འཕེན་དང་། འཇུ་རེས། མཆོང་རྒྱུག་འགྲན་སྡུར་དེ་ལྷོ་ཁ་ནས་འགོ་བརྩམས་པ་རེད། བོད་ལྗོངས་ཀྱི་ས་ཆ་སོ་སོ་ནས་ཡོང་བའི་འཐུས་ཚབ་རུ་ཁག7དང་། ལུས་རྩལ་བ200ལ་ཉེ་བ་འགྲན་སྡུར་ལ་ཞུགས་པ་རེད།
  འགོ་རྩོམ་མཛད་སྒོའི་སྟེང་ལྷོ་ཁའི་མཐོ་འབྲིང་དང་པོའི་སློབ་མ་རྣམས་ཀྱིས་མི་སྟོང་ལས་གྲུབ་པའི་རླུང་འཕྲིན་ལུས་སྦྱོང་དང་། ལྷོ་ཁ་ས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མ300ཡིས་འཁྲབ་སྟོན་བྱས་པའི་སྐོར་བྲོ་སོགས་ཚར་དུ་དངར་བའི་ལྟད་མོ་ཕུན་སུམ་ཚོགས་པས་ལྟད་མོ་བ་རྣམས་ཀྱི་མིག་དབང་ཅིག་ཅར་དུ་འཕྲོག་ཅིང་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ་པ་རེད། 
  རྒྱུས་ལོན་བྱུང་བ་ལྟར་ན་བོད་ལྗོངས་ཀྱིས་ད་ལོ་ནས་བཟུང་ལྗོངས་ཡོངས་ཀྱི་མདའ་འཕེན་དང་། འཇུ་རེས། མཆོང་རྒྱུག་འགྲན་སྡུར་བཅས་སྤེལ་ནས་བོད་ལྗོངས་ཀྱི་ས་གནས་སོ་སོའི་ལས་ཞོར་ལུས་རྩལ་སློབ་གྲྭ་ཕན་ཚུན་བར་འབྲེལ་འདྲིས་བྱེད་པར་སྟེགས་བུ་ཞིག་བསྐྲུན་པ་རེད།

  • ལེ་ཚན་སྔོན་མ།:ཨ་ཅག་ཚན་སྡེབ་ཀྱིས་ནུབ་བྱང་དགེ་འོས་སློབ་ཆེན་ལོ་འཁོར110ལོན་པའི་རིག་རྩལ་དགོང་ཚོགས་སུ་གླུ་གཞས་ཕུལ།
  • ལེ་ཚན་རྗེས་མ།:ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོས་སློབ་རའི་ལུས་རྩལ་འགྲན་ཚོགས་སྐབས་བཞི་བ་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།