ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2012-09-17
ཨ་ཅག་ཚན་སྡེབ་ཀྱིས་ནུབ་བྱང་དགེ་འོས་སློབ་ཆེན་བཙུགས་ནས་ལོ་
འཁོར110ལོན་པའི་རིག་རྩལ་དགོང་ཚོགས་སུ་གླུ་གཞས་ཕུལ་བ།
ཉེ་ལམ། ནུབ་བྱང་དགེ་འོས་སློབ་ཆེན་བཙུགས་ནས་ལོ་འཁོར110ལོན་པའི་ཆེད་དོན་རིག་རྩལ་དགོང་ཚོགས་ཏེ《མཉམ་བསྐྱེད་ཀྱི་ལོ་ཟླ》ཞེས་པ་ལན་ཀྲུའུ་རུ་སྤེལ། སློབ་གྲྭ་འདིའི་འཛམ་གླིང་ས་ཁུལ་སོ་སོའི་སློབ་གྲོགས་དང་། སྐུ་མགྲོན། སློབ་གྲྭའི་དགེ་སློབ་རྣམས་ལྷན་དུ་འཛོམས་ཏེ་མ་ཡུམ་སློབ་གྲྭའི་སྐྱེས་སྐར་ལ་རོལ།
དེར་རིག་རྩལ་འཁྲབ་སྟོན་སྣ་ཚོགས་ཡོད་པ་དང་། དེ་ལས་རྒྱལ་ཡོངས་བོད་ཀྱི་བུད་མེད་ཚན་སྡེབ་ཐོག་མ་སྟེ་ཨ་ཅག་ཚན་སྡེབ་ཀྱང་དགོང་ཚོགས་སུ་གདན་འདྲེན་ཞུས་ཏེ《ཟླ་ངོགས་སུ་བསྐྱོད་པ》ཞེས་པ་དང་། 《བོད་ཀྱི་བུ་མོ》སོགས་གླུ་གཞས་ཕུལ་ནས་ནུབ་བྱང་དགེ་འོས་སློབ་ཆེན་བཙུགས་ནས་ལོ་འཁོར110ལོན་པར་རྟེན་འབྲེལ་ཞུས་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10