ལྷ་མོ་ཐར། མཚོ་སྔོན་པོ་དྲ་བ། 2012-09-13
གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཡུལ་དངོས།
སྤྱི་ཟླ9པའི་ཚེས9ཉིན་གྱི་ཕྱི་དྲོ། ཀྲུང་གོའི་རྒྱལ་སྤྱི་ཞི་བདེ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་སྒྲུབ་གནང་བའི2012ལོའི་སྐབས་གསུམ་པའི་ཁོང་ཙུ་ཞི་བདེ་རྟགས་མའི་འགོ་ཚུགས་མཛད་སྒོའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་དེ་ཆིན་ཧྭ་སློབ་ཆེན་དུ་བསྡུས། ཐེངས་འདིའི་ཞིབ་དཔྱད་ཚོགས་པའི་ཞིབ་དཔྱད་པ་ཚོས་འོས་སྦྱོར་བྱས་པ་ལྟར་ན། པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག2012ལོའི་སྐབས་གསུམ་པའི་ཁོང་ཙུ་ཞི་བདེ་རྟགས་མའི་བདམ་མིའི་གྲས་སུ་ཚུད།
བདམ་མའི་གྲས་སུ་ད་དུང་མཉམ་འབྲེལ་ཚོགས་པའི་དྲུང་ཡིག་ཆེན་མོ་ལས་ཐོག་སྔ་མ་ཧན་ནན་དང་། མཉམ་འབྲེལ་ཚོགས་པའི་ད་ལྟའི་དྲུང་ཡིག་ཆེན་མོ་ཕན་ཅི་བིན། ཐེ་གོ་རྒྱལ་ཁབ་ཀྱི་ཙུང་ལི་ཡིན་ལྰ། ཨ་རིའི་གློག་རྡུལ་རྩིས་འཁོར་གྱི་གསར་གཏོད་པ་པེ་ཨར་ཀད་ཚི། ཀྲུང་གོའི་སྤྱི་ཚོགས་བྱ་བྱེད་མཁན་ཝང་ཏིན་ཀོ། པེ་ཅིང་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཐང་ཡེ་ཅི། ཀྲུང་གོའི་ཚན་རིག་པ་ཡོན་ལུང་ཕིན་སོགས་ཀྱང་ཚུད་ཡོད།
གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་སྟེང་། ད་ལོའི་སྤྱི་ཟླ11པར2012ལོའི་སྐབས་གསུམ་པའི་ཁོང་ཙུ་ཞི་བདེ་རྟགས་མའི་འདེམས་ཐོན་མིང་ཐོའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུ་རྒྱུ་ཡིན་པ་དང་། ཟླ12པའི་ཚེས9ཉིན་པེ་ཅིང་དུ་བྱ་དགའི་མཛད་སྒོ་བསྡུ་རྒྱུ་ཡིན་ཞེས་བསྒྲགས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10