སྙན་བཟང་པདྨ་རིན་ཆེན། མཚོ་སྔོན་པོ་དྲ་བ། 2012-09-13
《དམའ་འབྲིང་བསམ་བློ་ཀུན་སྤྱོད་གཙོ་གནད་ཕྱོགས་བསྒྲིགས》
ཞེས་པའི་དེབ་གསར་གྱི་མདུན་ཤོག་པར་རིས།
ཉེ་ལམ། གཞོན་སྐྱེས་རྩོམ་པ་པོ་སྙན་བཟང་པདྨ་རིན་ཆེན་གྱིས་སྒྲིག་རྩོམ་བྱས་པའི《དམའ་འབྲིང་བསམ་བློ་ཀུན་སྤྱོད་གཙོ་གནད་ཕྱོགས་བསྒྲིགས》ཞེས་པའི་དེབ་གསར་དེ་མི་འགྱངས་པར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱ་རྒྱུ་ཡིན་པ་རེད།
《དམའ་འབྲིང་བསམ་བློ་ཀུན་སྤྱོད་གཙོ་གནད་ཕྱོགས་བསྒྲིགས》
ཞེས་པའི་དེབ་གསར་གྱི་རྒྱབ་ཤོག་པར་རིས།
དཔེ་དེབ་འདིའི་ནང་དུ་དམའ་འབྲིང་ལོ་རིམ་དང་པོའི་སྟོད་ཆ་ནས་དམའ་འབྲིང་ལོ་རིམ་གསུམ་པའི་དེབ་ཆ་ཚང་གི་བར་དུ་བསླབ་དེབ་རེ་རེའི་ཁྲོད་ཀྱི་གཙོ་གནད་ཟིན་ཡོད་པར་སྙམ་པ་དག་བོད་ཁུལ་སློབ་གྲྭ་མང་པོ་ཞིག་གི་དམའ་འབྲིང་བསམ་བློ་ཀུན་སྤྱོད་ཀྱི་དགེ་རྒན་ཉམས་མྱོང་ཅན་འགའ་ཞིག་ལ་ཁ་པར་དང་དྲ་རྒྱ་སོགས་རྣམ་པ་གང་རུང་གི་ལམ་ནས་འབྲེལ་གཏུག་བྱས་ཏེ་བློ་འདྲི་གནང་བར་བརྒྱུད་ཕྱོགས་གཅིག་ཏུ་བསྒྲིགས་ཡོད་པར་མ་ཟད། ད་དུང་བོད་ཀྱི་མཁས་དབང་དག་གི་བསླབ་བྱ་དང་། དམངས་ཁྲོད་གཏམ་དཔེ། དམངས་ཁྲོད་གླུ་ཚིག་ཁ་ཤས་ཀྱིས་འབྲེལ་ཡོད་ནང་དོན་ལ་ཟུར་བརྒྱན་ཡོད་ལ། སློབ་ཚན་རེ་རེའི་ཁྲོད་ཀྱི་གཙོ་གནད་དག་གོ་རིམ་མ་འཁྲུལ་བའི་སྒོ་ནས་མགོར་ཨང་རྟགས་བཀོད་དེ་སྒྲིག་ཡོད་པས་ན། དམའ་གཅིག་དང་དམའ་གཉིས་མ་ཟད་པའི་དམའ་གསུམ་གྱི་སློབ་བུ་དག་གི་ངོས་ཐད་ནས་བཤད་ནའང་འབྲིང་རྒྱུགས་ལ་ལྟ་གོན་བྱེད་པར་ཧ་ཅང་སྟབས་བདེ་བའི་ཁྱད་ཆོས་ལྡན་ཡོད་པ་ཡིན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10