ལིས་ཁྲང་ཁྲོན་གྱིས་སི་ཁྲོན་གྱི་བྱ་བར་རྟོག་ཞིབ་མཛད་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-09-12

ལིས་ཁྲང་ཁྲོན་གྱིས་སི་ཁྲོན་གྱི་བྱ་བར་རྟོག་ཞིབ་མཛད་པ།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁྲང་ཁྲོན་ཚེས5ནས་ཚེས9ཉིན་བར་སྔ་གཞུག་ཏུ་སི་ཁྲོན་གྱི་རྔ་བ་དང་ཁྲིན་ཏུའུ་སོགས་ས་ཆའི་སྡེ་བ་དང་ཁེ་ལས། སྡོད་ཁུལ་དང་དྲིལ་སྒྲོག་རིག་གནས་ལས་ཁུངས་སུ་ཕེབས་ནས། སི་ཁྲོན་གྱི་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་དང་སླར་གསོ་བྱ་བ། དཔལ་འབྱོར་འཕེལ་རྒྱས་རྣམ་པ་ཇེ་མགྱོགས་སུ་གཏོང་བ་དང་། རིག་གནས་དར་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་པ་སོགས་ཐད་ལ་རྟོག་ཞིབ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁྲང་ཁྲོན་གྱིས་ཚེས5ནས་ཚེས9ཉིན་བར་སྔ་གཞུག་ཏུ་སི་ཁྲོན་ཞིང་ཆེན་གྱི་རྔ་བ་དང་ཁྲིན་ཏུའུ་སོགས་ས་ཆའི་སྡེ་བ་དང་ཁེ་ལས། སྡོད་ཁུལ་དང་དྲིལ་སྒྲོག་རིག་གནས་ལས་ཁུངས་སུ་ཕེབས་ནས། སི་ཁྲོན་གྱི་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་དང་སླར་གསོ་བྱ་བ། དཔལ་འབྱོར་འཕེལ་རྒྱས་རྣམ་པ་ཇེ་མགྱོགས་སུ་གཏོང་བ་དང་། རིག་གནས་དར་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་པ་སོགས་ཐད་ལ་རྟོག་ཞིབ་མཛད།

ལིས་ཁྲང་ཁྲོན་གྱིས་སི་ཁྲོན་གྱི་བྱ་བར་རྟོག་ཞིབ་མཛད་སྐབས་ནན་གྱིས་བསྟན་དོན། སི་ཁྲོན་ལ་ས་འགུལ་གྱི་གནོད་འཚེ་ཐེབས་རྗེས་ཀྱི་བསྐྱར་འཛུགས་དང་སླར་གསོ་བྱ་བའི་རླབས་ཆེན་ལག་ལེན་ལས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མཚོན་པ་དང་། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པའི་རང་རྟོགས་རང་བཞིན་དང་ཆོད་སེམས་ཇེ་དྲག་ཏུ་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་དང་། བགྲོད་ལམ། རིགས་གཞུང་མ་ལག་དང་ལམ་ལུགས་བཅས་ཀྱིས་སྔར་ལས་མི་སེམས་འགུག་པར་བྱས་ཡོད། དྲིལ་སྒྲོག་བསམ་བློའི་འཐབ་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཟླ་བདུན་པའི་ཚེས་ཉེར་གསུམ་ཉིན་སྤེལ་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱས་ཏེ། ཤུགས་ཆེན་པོས་སི་ཁྲོན་གྱི་གནོད་འགོག་རྒུད་སྐྱོབ་དང་བསྐྱར་འཛུགས་བྱ་བའི་ཉམས་མྱོང་བཟང་བོ་དྲིལ་སྒྲོག་བྱེད་དགོས་པ་དང་། ང་ཚོའི་ཏང་གིས་མི་གཙོ་བོར་འཛིན་པ་དང་། དམངས་ཀྱི་དོན་དུ་སྲིད་སྐྱོང་བའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་ལ། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལས་དོན་ཁྲོད་དུ་ཞུགས་པའི་ལག་ལེན་དངོས་དྲིལ་སྒྲོག་བྱས་ནས། སྔར་ལས་ཚན་རིག་དང་མཐུན་པར་འཕེལ་རྒྱས་སུ་གཏོང་བ་དང་། འོད་སྟོང་འབར་བའི་གྲུབ་འབྲས་གཙོ་བོས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་བདེ་བླག་ངང་འཚོགས་པར་ཁོར་ཡུག་ཅུང་བཟང་བོ་ཞིག་བསྐྲུན་དགོས་ཟེར།  ། 

  • ལེ་ཚན་སྔོན་མ།:2012ཀྲུང་གོའི་བོད་ལྗོངས་ཐང་ག་སྒྱུ་རྩལ་འགྲེམ་སྟོན་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་དུ་འགྲེམ་སྟོན་སྤེལ་འགོ
  • ལེ་ཚན་རྗེས་མ།:《དམའ་འབྲིང་བསམ་བློ་ཀུན་སྤྱོད་གཙོ་གནད་ཕྱོགས་བསྒྲིགས》ཞེས་པའི་དེབ་གསར་ཐོན་ལ་ཉེ།
  • དོ་སྣང་ཆེ་བའི་རྩོམ།